དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་མཛོད་དགེ་རྫོང་བན་ཡུལ་གྲོང་ཚོའི་རྩྭ་ཐང་གི་གྲོང་སྡེར་ཞིབ་སྦྱོང་གི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མིང་ཧྥུང་།   |     སྤེལ་དུས།  2026-10-16

    འདི་ནི་མཛོད་དགེ་རྫོང་སློབ་འབྲིང་གིས་གསར་བརྗེའི་ཞིབ་སྦྱོང་བྱེད་སྒོ་སྤེལ་བཞིན་པ། (མཛོད་དགེ་རྫོང་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས)

    སྟོན་ཁར་མཛོད་དགེ་རྩྭ་ཐང་གི་ནམ་མཁའ་གཡའ་དག་པ་དང་ཉི་མ་དྲོ་ཞིང་འཇམ། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མཛོད་དགེ་རྫོང་དཔལ་སྐྱིད་གྲོང་རྡལ་བན་ཡུལ་གྲོང་ཚོའི“རྒྱལ་ཁའི་སྐྱ་རེངས”དྲན་གསོའི་རྡོ་རིང་མདུན་དུ་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་དྲན་གསོ་བྱེད་བཞིན་མཆིས།

    “1935ལོའི་ཟླ་8པར་དམར་དམག་གཡས་ལམ་དམག་དཔུང་གིས་ཉིན་མཚན་7གྱི་རིང་དཀའ་སྤྱད་འབད་བརྩོན་གྱིས་མཐའ་ཡས་རྩྭ་ཐང་བརྒལ་ཏེ་བན་ཡུལ་དུ་སླེབས་ཡོད”ཅེས་མཛོད་དགེ་རྫོང་ལོ་རྒྱུས་དེབ་ཐེར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་ཧྲའོ་ཡུང་གིས་ངོ་སྤྲོད་བྱས།

    སྐབས་དེ་དུས། དམར་དམག་གི་སྒྲིག་ཁྲིམས་ནན་པ་དང་མང་ཚོགས་ཀྱི་ཁབ་སྐུད་ཙམ་ཡང་ལེན་གྱི་མེད་པས་ཡུལ་མི་ཚོར་བག་ཆགས་ཟབ་མོ་བཞག་ཡོད། “ད་ཆ་རྩྭ་ཐང་གི་ཕྱོགས་གང་སར་ཉམས་དགའ་བ་དང་། འགྲོ་ལམ་ཤར་གཏོང་ཐུབ་པ། ཁོར་ཡུག་གཙང་སྦྲ་དོད་པ། མང་ཚོགས་ཀྱི་འཚོ་བའི་ནང་གསར་བརྗེའི་རིག་གནས་མཉམ་འདྲེས་ཐུབ་པ། ཡུལ་མིའི་ཤེས་དཔལ་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད”ཅེས་བན་ཡུལ་གྲོང་ཚོའི་ཏང་ཡོན་རྒན་གྲས་བློ་ཤེས་ཀྱིས་བཤད།

    གསར་བརྗེའི་སྙིང་སྟོབས་གཅིག་རྒྱུན་གཅིག་འཛིན་བྱས་ཤིང་། 2025ལོའི་ཟླ་9པར་མཛོད་དགེ་རྫོང་གི་དཔལ་སྐྱིད་ཚོགས་འདུའི་ས་ཡུལ་དངོས་ཀྱི་སློབ་ཁྲིད་རྟེན་གཞི་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད། རྟེན་གཞིས་རྫོང་ཁོངས་ཀྱི་གསར་བརྗེའི་རྗེས་ཤུལ་28ལ་བརྟེན་ནས་གསར་བརྗེའི་སློབ་གསོའི་ལམ་ཐིག་5དང་ལྗང་མདོག་སྐྱེ་ཁམས་ལག་ལེན་ལམ་ཐིག་3བཏོད་པ་དང་ཁྱད་ལྡན་སློབ་ཚན་22གསར་སྤེལ་བྱས་པ་རེད། མིག་སྔའི་བར་རིམ་རྩིས་བརྒྱབ་ན། རྟེན་གཞིས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་73གཉེར་བ་དང་། རྟོག་ཞིབ་དང་བརྟག་ཞིབ་ཁག་ཐེངས་44བྱས་པ། ཞིབ་སྦྱོང་བྱེད་སྒོ་དུས་ཐེངས་25སྤེལ་བ་བཅས་ལ་མི་ཐེངས་ཁྲི་1.7ལྷག་ཙམ་ཞུགས་ཡོད་པ་རེད།

    ཞིབ་སྦྱོང་གི་ཚ་རླབས་རྒྱུན་མཐུད་འཕྱུར་བ་དང་བན་ཡུལ་གྲོང་ཚོས་གོ་སྐབས་དམ་འཛིན་བྱས་ཏེ། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། དེ་གར་ཁེ་ལས་ཀྱིས་གསར་བརྗེའི་ས་ཚིགས་དང་ཚོགས་ཁང་སོགས་གྲོང་ཚོའི་མཉམ་སྡེབ་ཐོན་ཁུངས་གཅིག་གྱུར་གཉེར་སྐྱོང་བྱས་ནས་དམངས་སྲོལ་གནས་ཚང་ཉམས་ལེན་དང་། འབྲོག་ཁུལ་གྱི་ལག་ཤེས། དམངས་སྲོལ་མཉམ་འགུལ་སོགས་ཀྱི་ལས་རྣམ་ལ་སྐུལ་འདེད་བཏང་ཡོད། བན་ཡུལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཕགས་པ་སྐྱབས་ཀྱིས“ཉེ་བའི་ལོ་གཉིས་རིང་། ཡུལ་སྐོར་བའི་གྲངས་འབོར་མགྱོགས་མྱུར་འཕར་ནས་གྲོང་ཚོར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་དམངས་སྲོལ་གནས་ཚང་5དང་ཁྱད་ལྡན་ཟ་ཁང་6མང་དུ་ཕྱིན་ཡོད”ཅེས་བཤད།

    དམངས་སྲོལ་གནས་ཚང་གཉེར་སྐྱོང་བྱེད་མཁན་ཏེང་ཧའོ་ཐེན་གྱིས་བོད་བཟོའི་སྐར་ཚོམས་འགྲུལ་ཁང་བཙུགས་པ་དང་། ལག་ཤེས་བཟོ་རྩལ་དང་འབྲོག་ར་ཉམས་ལེན་སོགས་ཀྱི་རྣམ་གྲངས་གཉེར་ནས་ལོ་ལྟར་གྲོང་ཚོ་དེ་གའི་འབྲོག་པར་ལས་གནས་20ལྷག་ཙམ་མཁོ་འདོན་བྱས་པ་དང་ས་གནས་དེ་གའི་ཚགས་ཤ་དང་ཞོ་སོགས་ཁྱད་ལྡན་ཐོན་རྫས་ཉོ་མཁན་མང་པོ་ཡོད་པ་རེད། འབྲོག་པ་འབུམ་དབང་སྐྱབས་ཀྱིས“དེ་སྔ་འབྲོག་པའི་ཡོང་འབབ་བརྟན་པོ་མེད། ད་ཆ་ཟླ་རེར་གླ་ཆ་ལེན་རྒྱུ་ཡོད་པ་དང་ནོར་ལུག་འཚོ་སྐྱོང་ལ་འཐུས་ཤོར་མི་འགྲོ་བ་མ་ཟད། ད་དུང་ཁྱིམ་གྱི་ཞིང་འབྲོག་ཐོན་རྫས་ཀྱང་བྲིན་ཁ་རྒྱུག་པོ་འདུག”ཅེས་བཤད།

    ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་མུ་མཐུད་མདུན་སྐྱོད་བྱེད། དམར་དམག་རྩྭ་ཐང་བརྒལ་ནས་དད་མོས་ཀྱི་སྟོབས་ཤུགས་ར་སྤྲོད་བྱས་ཡོད། ད་ཆའི་བན་ཡུལ་གྲོང་ཚོས་རྒྱང་ལམ་གསར་པར་འབད་འཐབ་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།