ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་མཁའ་ཐོག་སྐྱེལ་འདྲེན་བྱས་པའི་འགྲེམས་རྫས་ཁག་དང་པོ་ཧྲང་ཧའེ་རུ་འབྱོར་བ།

ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་ཕྱི་རྒྱལ་གྱི་འགྲེམས་རྫས་ཁག་དང་པོ་ཧྥ་རན་སེའི་ལི་ཨང་ནས་ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། དེ་ཧྲང་ཧའེ་འགག་སྒོས་ཞིབ་བཤེར་ནུས་ལྡན་བྱས་རྗེས་འགག་སྒོ་ནས་བདེ་བླག་ངང་སྒྲོལ་ཐུབ་ཡོད། འགྲེམས་རྫས་དེ་དག་ནི་སྨི་ཆི་ལིན་གྱི་75%ཡི་བསྐྱར་སྐྱེས་དང་ཚུར་བསྡུ་ཆོག་པའི་རྒྱུ་ཆའི་འགྱིག་འཁོར་ཡིན་པ་དང་། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཐོག་ཨེ་ཤེ་ཡར་ཐོག་མར་འགྲེམས་རྒྱུ་རེད། འདི་ནི་འགག་སྒོའི་ལས་དོན་མི་སྣས་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པར་མཁའ་ཐོག་སྐྱེལ་འདྲེན་བྱས་པའི་འགྲེམས་རྫས་ལ་ཞིབ་བཤེར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།