ཕྱི་འབྲེལ་པུས་བརྗོད་དོན།
ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་འགྲོ་འོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད།
ཉེ་དུས། ཨ་རི་བ་པའེ་ཏ་ཝེ་དང་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་སྟོང་སྐོར་རྫོང་གི་འགྲོ་འོང་གཏམ་རྒྱུད་ལ་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་ཅིང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་འགྲོ་འོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
“ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་མཉམ་དུ་ཞུགས་པའི་བྱ་གཞག་ཅིག་ཡིན”ཞེས་མའོ་ཉིང་གིས་བརྗོད་པ་དང་། ཁོང་གིས། ཨ་རི་བ་པའེ་ཏ་ཝེ་ད་ལྟ་ལོ་95ལ་སླེབས་ཡོད། ཁོང་དེ་སྔ་མཚོ་སྔོན་ཞིང་ཆེན་སྟོང་སྐོར་རྫོང་དུ་ལོ་17འཚོ་བ་བསྐྱལ་མྱོང་བས། སྟོང་སྐོར་ཕ་ཡུལ་ལ་བརྩིས་ནས་ས་གནས་དེ་གར་སྨན་བཅོས་སྒྲིག་ཆས་གྲབས་གསོག་དང་སློབ་སྐྱོར་མ་དངུལ་ཞལ་འདེབས་ཕུལ་བ་དང་ཆབས་ཅིག དབྱིན་ཡིག་དགེ་རྒན་ཨ་རིར་གསོ་སྦྱོང་ལ་བསྐྱོད་པར་འབྲེལ་ཟམ་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
མའོ་ཉིང་གིས། རྒྱལ་ཁབ་དབར་གྱི་འབྲེལ་བ་ཟབ་ལོས་ནི་དམངས་ཚོགས་འཆམ་མཐུན་ལ་རག་ལས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་མི་ཆོས་རིག་གནས་སྤེལ་རེས་ལ་རྒྱབ་སྐྱོར་བྱས་ཏེ“བརྩི་འཇོག་དང་། དྲང་གཞག རིམ་མཚུངས་བཅས་ལ་བརྟེན་པའི་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་འབྲེལ་བ”འཛུགས་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།