ཀྲུང་གོའི་མཚོ་དམག་གི་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཁག་ཞེ་བརྒྱད་པས་མ་ལེ་ཞི་ཡར་མཛའ་མཐུན་འཚམས་འདྲི་བྱེད་མཇུག་འགྲིལ་བ།
ཤིན་ཧྭ་གསར་འགྱུར་ཁང་མ་ལེ་ཞི་ཡ་ཀོ་ཏ་ཅི་ན་པ་ལུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་མཚོ་དམག་གི་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཁག་ཞེ་བརྒྱད་པ་མ་ལེ་ཞི་ཡའི་ཀོ་ཏ་ཅི་ན་པ་ལུའུ་གྲུ་ཁ་ནས་ཁ་བྲལ་ཏེ། མ་ལེ་ཞི་ཡར་ཉིན་ལྔའི་མཛའ་མཐུན་འཚམས་འདྲི་བྱེད་མཇུག་འགྲིལ་བ་རེད།
གྲུ་ཁ་ནས་ཐོན་སྐབས། མ་ལེ་ཞི་ཡའི་མཚོ་དམག་ཤར་རྒྱུད་དམག་གྲུའི་རུ་ཁག་དཔོན་དམག་གི་འཐུས་མི་དང་། མ་ལེ་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་ལས་དོན་མི་སྣ། ཀྲུང་གོའི་མ་འཇོག་ཁེ་ལས། དེ་བཞིན་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་སོགས་གྲུ་ཁར་སྐྱེལ་མ་བྱེད་དུ་ཡོང་ཡོད། མཚོ་འགྲུལ་སྲུང་སྐྱེལ་དཔུང་རུའི་དཔོན་དམག་གིས་གྲུ་གཅལ་ཐོག་ཁུལ་དབྱེ་རུ་སྟར་བསྒྲིགས་ནས། སྐྱེལ་མ་ཞུ་མཁན་མི་ཚོགས་ལ་ལག་པ་གཡུག་གཡུག་བྱས་ཏེ་ཞལ་གྱེས་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།