དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་འཛད་ཟོག་རྙིང་པ་གསར་བརྗེས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་ཚང་མ་གཤམ་སྤྲོད་བྱས་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-16

    ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནོར་སྲིད་པུའུ་དང་མཉམ་དུ་ས་གནས་ལ་ད་ལོའི་ཁག་བཞི་པའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་འཛད་ཟོག་རྙིང་པ་གསར་བརྗེས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་625གཤམ་སྤྲོད་བྱས་པ་རེད། ལོ་ཧྲིལ་པོར་འཛད་ཟོག་རྙིང་པ་གསར་བརྗེས་ཀྱི་མ་དངུལ་སྒོར་དུང་ཕྱུར་2500ཚང་མ་གཤམ་སྤྲོད་བྱས་ཟིན་པ་རེད།

    ད་ལོ་ནས་བཟུང་། འབྲེལ་ཡོད་སྡེ་ཚན་ཁག་གིས་འཛད་ཟོག་རྙིང་པ་གསར་བརྗེས་ལ་རྒྱབ་སྐྱོར་བྱེད་ཁོངས་དང་། ཁ་གསབ་ཚད་གཞི། ལག་བསྟར་བྱེད་སྟངས་བཅས་ལེགས་སུ་བཏང་ནས། ས་གནས་ཀྱིས་སྲིད་ཇུས་ལག་བསྟར་ཏན་ཏིག་བྱེད་པར་མཛུབ་ཁྲིད་བྱས་ཏེ། འཛད་ཟོག་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད། ཟླ་དང་པོ་ནས་བརྒྱད་པའི་བར། རྙིང་པ་གསར་བརྗེས་ཀྱི་འབྲེལ་ཡོད་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.55ཟིན་པ་དང་ཁ་གསབ་ཀྱིས་མི་ཐེངས་དུང་ཕྱུར་2.08ལ་ཕན་པ་བཏགས་ཡོད། དེའི་ནང་རླངས་འཁོར་རྙིང་པ་ཁྲི་535.3གསར་བརྗེས་བྱས་པ་དང་། རིགས་6གི་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཁྲི་9145.8གསར་བརྗེས་བྱས་པ། གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་དུང་ཕྱུར་1.08ཉོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།