དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གཏེར་ཁའི་ཐོན་ཁུངས་ཀྱི་དཀར་ཆག་ཡོངས་བསྒྲགས་བྱས་པ།

    ཁྱོན་གཏེར་རིགས་174དང་གཏེར་རིགས་ཕལ་པ་119ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-16

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་བྱུང་ཐོན་ཁུངས་པུའུ་ཡིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་མཉམ་དུ《གཏེར་ཁའི་ཐོན་ཁུངས་ཀྱི་དཀར་ཆག》ཡོངས་བསྒྲགས་བྱས་པ་རེད།

    གཏེར་ཁའི་ཐོན་ཁུངས་ཀྱི་དཀར་ཆག་ནི་གཏེར་རྫས་ཐོན་ཁུངས་དོ་དམ་ལམ་ལུགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། དེ་ནི་གཏེར་ཁའི་ཐོན་ཁུངས་ཀྱི་འཆར་འགོད་བཟོ་བ་དང་། གཏེར་ལས་དབང་ཆའི་དོ་དམ་ལག་བསྟར་བྱེད་པ། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་སྔོག་འདོན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། གཏེར་ཁའི་ཐོན་ཁུངས་ཀྱི་ཁྲལ་གྲོན་བསྡུ་བ། ཐོན་ལས་སྲིད་ཇུས་བཟོ་བ་སོགས་ཀྱི་ལས་ཀའི་གཞི་འཛིན་ས་ཡིན། གཏེར་ཁའི་ཐོན་ཁུངས་ལ་ཚན་རིག་དང་མཐུན་པའི་དབྱེ་འབྱེད་བྱས་ཏེ་གཏེར་ཁའི་ཐོན་ཁུངས་ཀྱི་དཀར་ཆག་བཟོས་པ་དེས་གཏེར་ཁའི་ཐོན་ཁུངས་ཐོ་འགོད་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་གསར་པ་དང་དེ་བཞིན་ལག་བསྟར་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱ་ཆེད། རང་བྱུང་ཐོན་ཁུངས་པུའུ་ཡིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་དང་མཉམ་དུ་དེ་སྔའི《གཏེར་ཁའི་ཐོན་ཁུངས་རིགས་དབྱེའི་རྣམ་གྲངས་ཞིབ་ཕྲ》ཡི་རྨང་གཞིའི་ཐོག《གཏེར་ཁའི་ཐོན་ཁུངས་ཀྱི་དཀར་ཆག》ལེགས་སྒྲིག་བྱས་པ་རེད། གཏེར་ཁའི་ཐོན་ཁུངས་དོ་དམ་ལས་དོན་གྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱ་ཆེད། ད་ཐེངས་དེ་སྔའི་རིགས་དབྱེའི་སྒྲོམ་གཞི་མུ་མཐུད་ལེགས་སྒྲིག་བྱས་ཏེ་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པར་གཞིགས་ནས་གཏེར་རིགས་ཁག་གཅིག་དང་གཏེར་རིགས་ཕལ་པར་བཟོ་བཅོས་དང་ཁ་གསབ་འོས་འཚམ་བྱས་པ་རེད། 《གཏེར་ཁའི་ཐོན་ཁུངས་ཀྱི་དཀར་ཆག》དེ་ཉིད་ནུས་རྒྱུའི་གཏེར་ཁ་དང་། ལྕགས་རིགས་གཏེར་ཁ། ལྕགས་རིགས་མིན་པའི་གཏེར་ཁ། ཆུ་རླངས་གཏེར་ཁ་བཅས་རིགས་བཞི་ལ་ཕྱེ་བའི་ནང་གཏེར་རིགས་174དང་གཏེར་རིགས་ཕལ་པ་119ཚུད་ཡོད་པ་རེད།

    གོམ་སྟབས་རྗེས་མར། རང་བྱུང་ཐོན་ཁུངས་པུའུ་ཡིས《གཏེར་ཁའི་ཐོན་ཁུངས་ཀྱི་དཀར་ཆག》དང་དོ་དམ་ལས་དོན་ཁག་སྦྲེལ་མཐུད་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་རེད། དེ་དང་ཆབས་ཅིག གཏེར་རིགས་གསར་པ་ཆོག་མཆན་ཞུ་སྟངས་ཚད་ལྡན་དུ་གཏོང་ཆེད་རང་བྱུང་ཐོན་ཁུངས་པུའུ་ཡིས་འབྲེལ་ཡོད་ཚད་གཞིའི་ཡིག་ཆ་ཞིབ་འཇུག་བྱས་ནས་བཟོ་བཞིན་ཡོད་པ་དང་རྗེས་སུ་ཡོངས་བསྒྲགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།