དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་བུ་གླིང་དང་ཚོང་འབྲེལ་བྱེད། གནམ་འོག་ཀུན་ལ་ཕན་པ་ཐོབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲང་ཅིན།   |     སྤེལ་དུས།  2026-10-16

    ཟླ་10ཚེས་14ཉིན། ཀོང་ཀྲོའུ་ཚོང་འདུས་སྐབས་140པ་འགོ་ཚུགས་ཤིང་། ལོ་70རིང་སྐབས་140རྒྱུན་མ་ཆད་པར་གཉེར་ནས་ཀོང་ཀྲོའུ་ཚོང་འདུས་དེ་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ནུས་ལྡན་ཞིག་ཏུ་གྱུར་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཀྲོའུ་ཚོང་འདུས་སྐབས་140པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། “ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་ཕྱོགས་མང་ཚོང་དོན་གྱི་སྒྲིག་སྲོལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད”ཅེས་གསུངས་པ་དང་ཆབས་ཅིག“ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་བཏང་ནས་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་རྒྱུན་མཐུད་སྣོན་དགོས”པའི་ནན་བཤད་གནང་བ་རེད།

    གནམ་འོག་ཀུན་ལ་ཕན་བཏགས་ན། །གནམ་འོག་ཀུན་གྱིས་ཕན་ལན་སློག །

    སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ལ་ཁེ་ལས་ཁྲི་3ལྷག་་ཙམ་འགྲེམས་སྟོན་ལ་ཞུགས་པ་དང་། ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་34ལྷག་ཙམ་ཉོ་སྒྲུབ་བྱེད་པར་ཡོང་ཡོད། ཕྱི་རྒྱལ་གྱི་ཁེ་ལས་མང་པོའི་བློ་ཁ་ཕྱོགས་དོན་ནི་ཀྲུང་གོའི་བཟོ་སྐྲུན་གྱི་འགྲན་རྩོད་ནུས་ཤུགས་དང་ཀྲུང་གོའི་ཁྲོམ་རའི་ཡིད་དབང་འཕྲོག་ཤུགས་དང་ལྷག་པར་དུ་ཀྲུང་གོའི་སྒོ་དབྱེའི་བྱ་སྤྱོད་སྤེལ་ནུས་བཅས་ཡག་པོ་ཡོད་པས་ཡིན། སྒོ་དབྱེར་བརྟེན་ནས་མཉམ་ལས་དོན་གཉེར་དང་མཉམ་ལས་ལ་བརྟེན་ནས་གཉིས་ཕན་ལ་སྐུལ་འདེད་བཏང་སྟེ་ཚོང་དོན་རོགས་ཟླ་དེ་བས་མང་པོ་ཞིག་གིས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གསར་གཏོད་རོགས་ཟླ་དང་། མ་འཇོག་རོགས་ཟླ། ཐོན་སྤྲོད་འཁོར་འབྲེལ་རོགས་ཟླ་བཅས་སུ་རིམ་སྤོར་བྱས་ཡོད།

    ཀོང་ཀྲོའུ་ཚོང་འདུས་དང་ནང་འདྲེན་འགྲེམས་ཚོགས་སོགས་ནང་དོན་ཕུན་སུམ་ཚོགས་སུ་དང་སྤུས་ཚད་ལེགས་སུ་བཏང་བ་ནས་ཕྱི་འབྲེལ་བཙུགས་ཡོད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མར་སྒོ་ཁྲལ་རྩ་ཆག་བཏང་བའི་བར། ང་ཚོས་མིའི་རིགས་ཀྱི་མདུན་ལམ་དང་མི་དམངས་ཀྱི་བདེ་རྩར་བསམས་ནས་དཀའ་ངལ་ལ་མི་སྐྲག་པར་རང་བརྟེན་སྒོ་དབྱེ་དང་ཕྱོགས་རྐྱང་པའི་སྒོ་དབྱེ་བརྒྱུད་རིམ་ལྡན་པའི་ངང་རྒྱ་ཆེར་བཏང་སྟེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་རྩ་ཆེའི་བརྟན་ལྷིང་རང་བཞིན་མཁོ་འདོན་བྱས་ཡོད།

    གཉིས་ཁེ་གཉིས་ཕན་གྱི་མཐུན་ཆར་གཞིགས་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་གསར་པ་དང་བར་མཐོངས་གསར་པ་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ཚེ། ཀྲུང་གོ་དེ་བས་ཡག་པོ་དང་འཛམ་གླིང་དེ་བས་ཡག་པོ་ཡོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།