དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་རྒྱལ་ཁབ་རིམ་པའི་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་45བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-16

    གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རྒྱལ་ཡོངས་སུ་མི་ཁྲི་4.1ལྷག་ཙམ་ཟིན་པའི་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་580བཙུགས་ཡོད་པ་དང་། རྒྱལ་ཁབ་རིམ་པའི་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་45བཙུགས་པས། གཙོ་གནད་རྫས་འགྱུར་བཟོ་ལས་ས་ཁོངས་དང་ཉེན་ཁ་ཆེ་བའི་གནས་སུ་གཞི་རྩའི་ཆ་ནས་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་ཡོངས་སུ་ཁྱབ་ཡོད།

    དཔུང་ཁག་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། ཉེན་ཆེའི་རྫས་འགྱུར་དངོས་རྫས་ཁེ་ལས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་བཙུགས་ཡོད་པ་དང་། ས་གནས་རིམ་ཁག་སྲིད་གཞུང་གིས་ཁོངས་གཏོགས་ཁུལ་གྱི་ཉེན་ཁའི་དོན་དངོས་དང་ཟུང་འབྲེལ་གྱིས་ས་གནས་རོགས་སྐྱོབ་དཔུང་ཁག་བཙུགས་ཡོད། རྒྱལ་ཁབ་ཀྱིས་གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་རྒྱལ་ཁབ་རིམ་པའི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཆར་གཞི་བཀོད་ནས་བཙུགས་ཡོད།

    ལམ་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། 《ཉེན་ཆེའི་རྫས་འགྱུར་དངོས་རྫས་ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་འཕྲལ་སྡོམ་གྲ་སྒྲིག་ཕྱོགས་སྟོན》སོགས་སྒྲིག་སྲོལ་ལམ་ལུགས་དང་ཚད་གཞི་བཀྲམ་ཡོད་པ་རེད།

    འགན་ལེན་མ་ལག་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ཅིང་། ཉེན་ཆེའི་རྫས་འགྱུར་དངོས་རྫས་ཁེ་ལས་ཀྱིས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ཐད་མི་སྣ་གཏོང་ཤུགས་ཟམ་མི་ཆད་པར་མང་དུ་བཏང་ནས་སྟོབས་ཤུགས་འཛུགས་སྐྱོང་དང་སྒྲིག་ཆས་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་བ་དང་། ས་གནས་སྲིད་གཞུང་གིས་ཁོངས་གཏོགས་ས་ཁུལ་འགན་སྲུང་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རྒྱལ་ཁབ་ཀྱིས་ཤེས་ལྡན་མི་སྣ་དང་། ལག་རྩལ། སྒྲིག་ཆས་བཅས་ཀྱི་འདེགས་སྐྱོར་བྱས་ཤིང་། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་རིམ་པའི་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་45ལ་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་རོགས་སྐྱོབ་སྒྲིག་ཆས་ཆ་ཚང་1000ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།