ད་ལོའི་ལོ་སྟོད་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྱོན་མི་ཁྲི་3935.4དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཁྲི་493.7ཟིན་པ།
དམངས་སྲིད་པུས་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྱོན་མི་ཁྲི་3935.4དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཁྲི་493.7ཟིན་པ་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ལོངས་སུ་སྤྱོད་མཁན་ཁྲི་1202.7ཟིན་ཞིང་། དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་ཁ་གསབ་ལོངས་སུ་སྤྱོད་མཁན་ཁྲི་1687.1ཟིན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་ཐད་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་ཁྲི་1.38ལྷག་ཙམ་བཏང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་སྙོམས་ཚད་གཞི་22.8%དང་25%སོ་སོར་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།