ཧྲའན་ཤིས་ཤིས་ཨན་གྱི་ཇ་ཁང་རྙིང་པར་མི་ཚོགས་ཀྱིས་ཁེངས་པ།

ཧྲའན་ཤིས་ཤིས་ཨན་གྱི་ཇ་ཁང་རྙིང་པ་ནི་པེ་ལིན་ཆུས་ཧྥེན་ཤང་སྤྱི་གླིང་གྲོང་ཁྱེར་གྱི་གསར་བརྗེས་རྣམ་གྲངས་ཀྱིས་བཏོད་པའི་སྤྱི་པའི་རིག་གནས་ཀྱི་བར་མཐོངས་གསར་རྐྱང་ཞིག་ཡིན་པ་དང་། ས་གནས་དེ་གའི་ཡུལ་གྲུའི་རྣམ་བཤད་རིག་གནས་ལ་བརྟེན་ནས། སོས་དལ་ཇ་འཐུང་དང་། ཁྱད་ལྡན་ཞིམ་ཟས། སྲོལ་རྒྱུན་གཞས་མ་གཏམ། རིག་གནས་འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་ཏེ། གྲོང་ཁུལ་རྙིང་པའི་ལྟེ་བའི་ཁུལ་གྱི་རིག་གནས་སྤྲོ་གསེང་ལས་རྣམ་གྱི་ཞན་ཆ་བསལ་ཞིང་། གྲོང་མི་དང་ཡུལ་སྐོར་བས་གནའ་གྲོང་གི་འཚོ་བ་ཉམས་སུ་མྱངས་ནས་གྲོང་ཁུལ་རྙིང་པའི་རིག་གནས་དང་། ཚོང་དོན། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། འདི་ནི་2026ལོའི་ཟླ་10ཚེས་12ཉིན་གྲོང་མི་དང་ཡུལ་སྐོར་བས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་པེ་ལིན་ཆུས་ཧྥེན་ཤང་སྲང་ལམ་གྱི་ཇ་ཁང་རྙིང་པར་སོས་དལ་བག་ཕེབས་ངང་ཇ་འཐུང་བཞིན་པ།
འབྲེལ་ཡོད་གསར་འགྱུར།