དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀོང་ཏུང་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གིས་ལས་དོན་རྩིས་སྤྲོད་རྩིས་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    ཉེ་ཆར། ཀོང་ཏུང་ཞིང་ཆེན་གྱི་2026ལོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གིས་2025ལོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་ལག་ནས་སྨན་བཅོས་རུ་ཁག་གི་རུ་དར་དང་རུ་རྟགས་བླངས་ཤིང་རྩིས་སྤྲོད་རྩིས་ལེན་བདེ་བླག་བྱུང་ཡོད།

    ཀོང་ཏུང་ཞིང་ཆེན་གྱི་2025ལོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཉིང་ཁྲིར་ལས་ཀ་ལོ་གཅིག་བྱེད་རིང་། ནད་ལྕི་སྐྱོབ་བཅོས་དང་། སྦུག་འདྲེན་གཤགས་བཅོས། ཆེད་ཚན་འཛུགས་སྐྱོང་། ཚན་ཞིབ་གསར་གཏོད། སྨན་བཅོས་ཆ་འཕྲིན་ཅན་དུ་སྒྱུར་བ། རྫོང་ཁོངས་ཀྱི་སྨན་བཅོས་ཆུ་ཚད་མཐོར་གཏོང་སོགས་ཁྱབ་ཁོངས་སུ་ལེགས་སྐྱེས་ཧུར་ཐག་ཕུལ་ནས། ཉིང་ཁྲིའི་སྨན་བཅོས་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད། བོད་སྐྱོར་རུ་མིས་གྲོང་གསེབ་ཏུ་འོས་འགན་སྨན་བཅོས་དང་སྨན་སྐྱེལ་བར་ཐེངས་མང་བསྐྱོད་དེ་སྨན་བཅོས་འགན་ལེན་ཆེ་གྲས་དང་ཐོལ་བྱུང་འཕྲོད་བསྟེན་གྱི་འཕྲལ་སྡོམ་ལས་འགན་མང་པོ་ལེགས་སྒྲུབ་བྱས་ཡོད།

    “གཞི་རིམ་དུ་འོས་འགན་སྨན་བཅོས་བྱེད་པར་འགྲོ་རིམ་བཞིན་ས་གནས་དེ་གའི་ཡུལ་མི་ཚོས་ལག་ཏུ་ཁ་བཏགས་འཁྱེར་བ་དང་ཇ་ཚ་པོ་བཀྱགས་ནས་བསུ་བ་ཞུ་སྐབས་དཀའ་ཚེགས་ཇི་ཙམ་ཆེ་ཡང་དོན་སྙིང་ཆེན་པོ་འདུག་སྙམ་གྱི་འདུག”ཅེས་2025ལོའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་ཧོ་གཡོད་མིང་གིས་བཤད་ཅིང་། ཁོང་གིས“བོད་སྐྱོར་བྱ་སྤྱོད་ཐེངས་གཅིག་ལས་བོད་ལ་བརྩེ་བ་ཟབ་མོ་ཆགས་སོང་། བོད་ལས་ཁ་བྲལ་བ་ནི་མཇུག་རྫོགས་པ་ཞིག་མིན་པར་བརྩེ་བ་གཞན་ཞིག་འགོ་རྩོམ་པ་ཞིག་རེད། ཀོང་ཏུང་དང་བོད་ས་གནས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ཉིང་ཁྲིའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ཡར་རྒྱས་དེ་བས་ཆེ་བ་ཡོང་རྒྱུའི་རེ་བ་ཡོད”ཅེས་བཤད།

    གོམ་སྟབས་རྗེས་མར། ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་སྨན་བཅོས་བོད་སྐྱོར་གྱི་སྟོབས་ཤུགས་སྦྲེལ་མཐུད་ལ་སྐུལ་འདེད་བརྟན་པོ་བཏང་ནས་ལས་དོན་ཁག་བར་བརྒལ་བརྟན་པོ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད། ཁག་གསར་པའི་སྨན་བཅོས་བོད་སྐྱོར་རུ་མིས་ལག་རྩལ་རོགས་སྐྱོར་དང“བརྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་མུ་མཐུད་སྤེལ་ནས་ནུས་ཤུགས་ཡོད་རྒུས་མི་སེར་གྱི་བདེ་ཐང་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།