ཀོང་ཏུང་ཧྲའོ་ཀོན་སློབ་གླིང་གིས།
དུས་ཡུན་མི་ལོ་བཅུ་གཅིག་རིང་། སློབ་སྐྱོར་ལས་ལ་རྩེ་གཅིག་གཞོལ།

འདི་ནི་ཧྲའོ་ཀོན་སློབ་གླིང་གི་སློབ་སྐྱོར་དང་བླངས་པས་བྲག་ཡིབ་ཆུས་ཀྱི་སློབ་མ་སྒྲིག་འཛུགས་བྱས་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རིག་ཁྱབ་གདལ་གཏོང་བའི་ལག་ལེན་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་ཧྲའོ་ཀོན་སློབ་གླིང་གི་སློབ་སྐྱོར་དང་བླངས་པས་ཉིང་ཁྲི་གྲོང་རྡལ་གྱི་སློབ་ཆུང་དུ“གཅིག་གཏད་གཅིག”གི་སེམས་ཁམས་དང་མཛེས་དཔྱད་སློབ་གསོ་མཉམ་འདྲེས་ཀྱི་སློབ་ཁྲིད་བྱེད་བཞིན་པ།

འདི་ནི་ཀླུ་ནང་གྲོང་རྡལ་གྱི་སློབ་ཆུང་སློབ་མའི་རྐང་རྩེད་སྤོ་ལོའི་རུ་ཁག་ཉིང་ཁྲིའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ལ་ཞུགས་ནས་ཨང་དང་པོ་བླངས་པའི་མཉམ་པར་ཡིན་པ།
2015ལོར་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་སྐུལ་འདེད་རྒྱུན་མཐུད་འོག ཧྲའོ་ཀོན་སློབ་གླིང་དང་བྲག་ཡིབ་ཆུས་ཀྱིས་སློབ་གྲྭ་དང་ས་གནས་ཀྱི་སློབ་སྐྱོར་དང་བླངས་ཞབས་ཞུའི་བྱེད་སྒོ་དངོས་སུ་སྤེལ་ནས། ལོ་ལྟར་བྲག་ཡིབ་ཆུས་ལ་གནས་གཏན་འཁེལ་གྱི་རོལ་དབྱངས་དང་། ལུས་རྩལ། མཛེས་རྩལ་བཅས་ཆེད་ལས་ཀྱི་དགེ་རྒན་གཏོང་གི་ཡོད། ལོ་11རིང་རིམ་རྩིས་བརྒྱབ་ན་ཁག་21གི་དང་བླངས་པ་752སྔ་རྗེས་སུ་བྲག་ཡིབ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དུ་སློབ་སྐྱོར་བྱེད་པར་བཏང་ཡོད།
བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་སློབ་ཆུང་གི་དེ་སྔའི་ལུས་རྩལ་འགྲན་བསྡུར་གྱི་གྲུབ་འབྲས་ནི་ཐོག་མཐའ་བར་གསུམ་དུ་རྗེས་སུ་ལུས་ཡོད། སློབ་སྐྱོར་དགེ་རྒན་ཧོང་ཅིན་ཡའོ་སླེབས་རྗེས། ཁོང་གིས་སློབ་གསེང་དང་གཟའ་མཇུག་གི་དུས་ཚོད་ལ་ཕྲུ་གུ་ཚོར་རྐང་རྩེད་སྤོ་ལོ་རྒྱག་སྟངས་བསླབས་པ་དང་། ས་གནས་དེ་གའི་ལུས་རྩལ་དགེ་རྒན་ཚེ་རིང་དོན་གྲུབ་ཀྱི་གཞོགས་འདེགས་འོག་ཀླུ་ནང་གྲོང་རྡལ་གྱི་ལོ་ཆུང་རྐང་རྩེད་སྤོ་ལོའི་རུ་ཁག་ཉིང་ཁྲིའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ལ་ཚུད་དེ་བྲག་ཡིབ་ཆུས་ཀྱི་ཨང་དང་པོ་ཐོབ་ནས་གང་སར་སྐད་གྲགས་ཆོད་པ་རེད།
ཉིང་ཁྲི་གྲོང་རྡལ་སློབ་ཆུང་དུ་སློབ་སྐྱོར་བྱེད་རིང་། སློབ་སྐྱོར་དགེ་རྒན་ཀྲང་ཅེ་ཡིང་གིས་གྲོང་གསེབ་ནས་ཡོང་བའི་ཕྲུ་གུ་ཁག་གཅིག་ངོ་ཚ་སྨིན་པས་སློབ་ཚན་སྐབས་དྲི་བར་ལན་རྒྱག་མི་ཕོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། འོན་ཀྱང་ཁོང་གིས་ཕྲུ་གུ་ཚོར་ལམ་སེང་གཤེ་གཤེ་མ་བཏང་བར“གཅིག་གཏད་གཅིག”གི་སྙིང་གཏམ་ཤོད་རེས་དང་ཕྱི་རོལ་དུ་བྱེད་སྒོ་སྒྲིག་འཛུགས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕྲུ་གུ་ཚོའི་སེམས་ནང་ཟུག་པའི་སློབ་གསོ་བརྒྱབ་ཡོད།
སློབ་ཁང་གཅིག་པུ་མིན་པར། སློབ་གསེང་གི་དུས་སུ་ཡང་འགྱུར་ལྡོག་དེ་དང་དེ་འདྲ་བ་མི་ཉུང་བ་འབྱུང་བཞིན་ཡོད་ཅིང་། བོད་སྐྱོར་ལས་དོན་རུ་ཁག་གིས་དར་སྤེལ་བཏང་བའི“མི་རེར་ཁྱད་ཆོས་རེ་དང་། སློབ་གྲྭ་རེར་སྤུས་རྟགས་རེ”ཡི་མི་སྣ་གསོ་སྐྱོང་གི་བསམ་ཕྱོགས་ཀྱི་ཁྲིད་སྟོན་འོག སློབ་སྐྱོར་དང་བླངས་པས་ཡུལ་བབ་དང་བསྟུན་ནས་སྔ་རྗེས་སུ་མཉམ་གཞས་དང་། ཨ་ཧྥེ་རི་ཁའི་རྔ། ཐག་མཆོང་། གསར་གཏོད་མཛེས་རྩལ། མི་རིགས་ཞབས་བྲོ་སོགས་ཁྱད་ལྡན་ཚོགས་པ་20ལྷག་ཙམ་བཙུགས་པ་དང་། ས་མཐོའི་ཁོར་ཡུག་དང་འཚམ་པའི་ཁྱད་ལྡན་སློབ་གསེང་ལུས་རྩལ་མང་པོ་གསར་རྩོམ་བྱས་པ་མ་ཟད། སློབ་གྲྭ་མང་པོར་རྒྱལ་དར་སྲུང་སྐྱོང་རུ་ཁག་གི་རྒྱུན་གཏན་སྦྱོང་བརྡར་ཚད་ལྡན་དུ་གཏོང་རོགས་བྱས་ཡོད།
སློབ་གསོ་བཟང་པོ་ཕྲུ་གུ་ཚོའི་སེམས་ལ་ཟུག་པ།
ལོ་11རིང་། བོད་སྐྱོར་ལས་དོན་རུ་ཁག་གི་སྐུལ་འདེད་དང་མཛུབ་ཁྲིད་འོག སློབ་སྐྱོར་དང་བླངས་པས་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་དང་བསྟུན་ནས། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་བརྒྱ་ལྷག་ཙམ་སྣེ་ཁྲིད་དེ་ཇུས་འགོད་བྱས་ཤིང་། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་གསར་བརྗེའི་གླུ་དབྱངས་འགྲན་བསྡུར་ནས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བར་དང་། རྒྱལ་དར་འོག་གི་གསུང་བཤད་ནས་ཁྲིམས་སྐྱོང་གི་སྤྲོ་གསེང་ལྟ་སྐོར་བར་ལ་ཕྲུ་གུ་ཚོར་མེས་རྒྱལ་གྱི་ལོ་རྒྱུས་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས། མི་རིགས་མཐུན་སྒྲིལ་བཅས་ལ་མྱོང་ཚོར་དེ་བས་ཟབ་པ་བྱུང་ཡོད།
དགེ་རྒན་མངགས་ནས་སློབ་སྐྱོར་བྱེད་པ་ཁོ་ནར་བརྟེན་པ་ཙམ་གྱིས་མི་འགྲིག་པར་ས་གནས་དེ་གའི་དགེ་རྒན་གྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ནི་འགག་རྩ་ཡིན། སློབ་གྲྭ་དང་ས་གནས་དབར་ལོ་མང་མཉམ་ལས་བྱས་པའི་རྨང་གཞིའི་ཐོག བོད་སྐྱོར་ལས་དོན་རུ་ཁག་གིས་ཕྱོགས་གཉིས་མཉམ་འཕེལ་གྱི་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། སློབ་གསོའི་རོགས་སྐྱོར་དེ“དགེ་རྒན་ཁོ་ན་གཏོང་བའི”གཞན་བརྟེན་རྣམ་པ་ནས“རང་ཡུལ་གྱི་དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བའི”རང་བརྟེན་གྱི་རྣམ་པ་གསར་པར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
ལོ་11བརྟན་སྲུང་བྱེད་དོན་ནི་སློབ་མའི་སྤྱོད་ཡོན་གཉིས་ལྡན་ཁོ་ནའི་ཆེད་དུ་ཡིན་པ།
ཧྲའོ་ཀོན་སློབ་གླིང་གིས་ལོ་11རིང་ཁ་གཏད་རོགས་ཁྲིད་བྱས་ནས་བྲག་ཡིབ་ཆུས་ཀྱི་སློབ་གསོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། 2025ལོར་བྲག་ཡིབ་ཆུས་སློབ་གསོ་པུའི་རྫོང་ཁོངས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཀྱི་ཆེད་དོན་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་བདེ་བླག་ངང་ལོན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཨང་དང་པོར་གྱུར་པ་མ་ཟད། མིག་སྔར་མཚན་སྙན་དེ་ཐོབ་པའི་རྫོང་དང་ཆུས་འབའ་ཞིག་དེར་གྱུར་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟ་ཁུལ་དང་རྒྱལ་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་ཀུན་ཕན་རྫོང་དང་ཆུས་ཀྱི་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་གཉིས་ཐོབ་ཡོད།
ཧྲའོ་ཀོན་སློབ་གླིང་གི་མཛེས་རྩལ་དང་ཇུས་འགོད་སློབ་གླིང་གི་22ལོའི་སློབ་མ་ལའེ་ཡུས་ཀྲེན་སློབ་གྲྭར་སྡོད་རིང་། ཐག་རིང་ལུང་ཁུག་ས་ཁུལ་དུ་སློབ་སྐྱོར་བྱེད་པར་ཐེངས་གཉིས་སྐྱོད་མྱོང་བས། ཐག་རིང་ལུང་ཁུག་ས་ཁུལ་གྱི་ཕྲུ་གུ་ཚོ་སྒྱུ་རྩལ་སློབ་གསོ་སྦྱོང་འདོད་ཆེན་པོ་ཡོད་པ་གསལ་པོར་ཤེས་ཀྱི་ཡོད། སློབ་ཆེན་ཐོན་རྗེས་ཁོང་གིས་རང་འགུལ་ངང་ནུབ་རྒྱུད་འཆར་གཞིར་མིང་ཐོ་བཀོད་དེ། མེ་ཏོག་རྫོང་གི་གཞི་རིམ་དུ་མུ་མཐུད་མཐའ་མཚམས་སློབ་གསོར་ཞབས་འདེགས་ཞུ་བར་བསྐྱོད།
2015ལོ་ནས་2026ལོ་བར། སྤྱི་ལེ་1900ལྷག་ཙམ་ཆོད་པའི་ལང་ཚོའི་བཀྲག་མདངས་གངས་ལྗོངས་ས་མཐོར་མུ་མཐུད་རྒྱས་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།