དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    ཉེ་ཆར། ལྷོ་ཁའི་མཚོ་སྣ་གྲོང་ཁྱེར་གྱི་ཁ་ཆུ་ཤང་ཟངས་ཡུལ་གྲོང་ཚོས་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ནས་འབྲོག་ར་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ། “ཤེས་དཔལ་ཡར་བརྩོན་གྱི་དར་སྲོལ་གསར་པ་བཏོད། བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དོན་དུ་གཉེར”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ཤེས་དཔལ་གྱི་དར་སྲོལ་གསར་པས་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་བརླན་ཡོད། བྱེད་སྒོའི་ཐོག་མང་ཚོགས་ཚོར་ཧུར་བསྲི་གྲོན་ཆུང་ལ་མཐོང་ཆེན་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་པ་དང་ལག་བསྟར་བ་བྱེད་པར་འབོད་སྐུལ་ཧུར་ཐག་བྱས་ཡོད། དེ་དང་ཆབས་ཅིག་སྟོན་ལས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་མང་ཚོགས་ལ་སྟོན་ལས་སྐབས་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པ་དང་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་མཛོད་ཁང་དུ་བསྡུ་ཐུབ་པའི་ཁྲིད་སྟོན་བྱས་ཡོད། འདི་ནི་ཏང་ཡོན་དང་བླངས་པས་ཞིང་ནང་དང་མུ་ཁར་སྒྲོག་འགྲེལ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།