དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་རིག་གནས་བསམ་བཀོད་གླིང་གི་ལས་དོན་ས་ཚིགས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་དོ་དམ་ཨུ་ལྷན་དང་མཉམ་དུ་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་རིག་གནས་བསམ་བཀོད་གླིང་གི་ལས་དོན་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་དུས་ཐེངས་དང་པོའི་ཆེད་དོན་གསོ་སྦྱོང་བྱེད་སྒོ་སྤེལ་ཞིང་། ཆེད་དོན་གསོ་སྦྱོང་དེ་གླིང་ཁུལ་གྱི་ཁེ་ལས་28ལ་ཕྱོགས་ནས་ཚོང་རྟགས་ཐོ་འགོད་དང་། ཆེད་ཁེ་སྲུང་སྐྱོང་། དབང་གནོད་ཉེན་ཁ་འགོག་ཟོན་སོགས་ཀྱི་ཉེར་སྤྱོད་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་རིག་གནས་བསམ་བཀོད་གླིང་གི་ལས་དོན་ས་ཚིགས་ནི་ལྗོངས་ཡོངས་ཀྱི་ཐོན་ལས་གླིང་ཁུལ་དུ་བཙུགས་པའི་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་ལས་དོན་ས་ཚིགས་ཐོག་མ་དེ་ཡིན་ཞིང་། ལས་དོན་ས་ཚིགས་བཙུགས་པ་ནི་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་བློ་གསར་ཐོན་ལས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་གཞི་རིམ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་འཐབ་ས་བརྟན་དུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཕན་ཡོད་ཀྱི་འཚོལ་ཞིབ་ཅིག་ཡིན་པ་དང་། དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་གི་གཞི་རིམ་ཞབས་ཞུ་དང་། ཁེ་དབང་སྲུང་སྐྱོང་། གྲུབ་འབྲས་གཞན་འགྱུར་བཅས་ཀྱི་ལས་དོན་ཚད་ལྡན་ཅན་དང་རྒྱུན་རྣམ་ཅན་གྱི་སྐས་རིམ་གསར་པར་སླེབས་པ་མཚོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།