ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་གནོད་འཚེ་ཉུང་གཏོང་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཟླ་10ཚེས་13ཉིན། ཉིང་ཁྲི་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་སྣེ་ཁྲིད་དེ་གྲོང་ཁྱེར་ཐད་གཏོགས་ཚན་པ་36སྒྲིག་འཛུགས་བྱས་ནས“བདེ་འཇགས་ལྡན་པའི་ཁྱིམ་གཞིས་སྐྲུན”ཞེས་པའི་ལོ་འཁོར་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། བྲག་ཡིབ་ཆུས་ཀོང་པོ་སྤྱི་གླིང་ཐང་ཆེན་དུ་རྒྱལ་སྤྱིའི་གནོད་འཚེ་ཉུང་གཏོང་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འགྲེམས་པང་36གྲལ་སྟར་འགྲིག་པོས་བསྒྲིགས་པ་དང་། བློ་འདྲིའི་སྟེགས་བུའི་མདུན་དུ་བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་གོ་རིམ་ལྡན་པའི་ངང་བཞག་ནས་མང་ཚོགས་ཚོས་ལྟ་ཀློག་བྱེད་ཆོག་གི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ལ་མུ་མཐུད་སྐུལ་འདེད་བཏང་ནས་བདེ་འཇགས་ཀྱི་ཤེས་བྱ་སྡེ་ཁུལ་དང་། ཁྱིམ་ཚང་། སློབ་གྲྭ ཁེ་ལས་བཅས་སུ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་སྟེ། བདེ་འཇགས་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དེ་ཁྱིམ་ཚང་ཚང་མ་དང་མང་ཚོགས་ཚང་མར་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།