དུས་ཚིགས་དང་པོ་ནས་གསུམ་པའི་བར་ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་བསྡུ་དགོས་པའི་རྩིས་ཁྲའི་མ་དངུལ་སྒོར་དུང་ཕྱུར་34.7བསྡུས་པ།
ཉིན་ཤས་གོང་། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་ཁྱེར་ཡོངས་ཀྱིས་ཀྲུང་གོ་མི་དམངས་དངུལ་ཁང་ཡིད་རྟོན་ལྟེ་གནས་ཀྱི་བསྡུ་དགོས་པའི་རྩིས་ཁྲའི་མ་དངུལ་བསྡུ་བའི་ཞབས་ཞུའི་ལས་སྟེགས་བརྒྱུད་མ་དངུལ་བསྡུ་བའི་ཉོ་ཚོང་ཁག་23བྱས་པར་མ་དངུལ་སྒོར་དུང་ཕྱུར་2.91བཏང་བ་དང་ཞབས་ཞུའི་གཉེར་སྐྱོང་བྱེད་པོ་21ཡོད་པ་རེད། ཟླ་9པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་བསྡུ་དགོས་པའི་རྩིས་ཁྲའི་མ་དངུལ་ཁག་282བསྡུ་སྒྲིལ་བྱས་པར་མ་དངུལ་སྒོར་དུང་ཕྱུར་34.7བཏང་བ་དང་། ཁེ་ལས་110ལ་ཞབས་འདེགས་ཞུས་པ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་བསྡུར་ཚད་ཀྱི་86.3%ཟིན་ཡོད།
ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིས་ནང་ཁུལ་གྱི་ལས་སྒོའི་བརྒྱུད་རིམ་མཐུན་སྦྱོར་ལ་སྐུལ་འདེད་བཏང་ནས། དབང་ཆ་གཏན་འཁེལ་དང་ཞིབ་མཆན་སྦྲེལ་མཐུད་ཀྱི་འགག་གནད་ཤར་གཏོང་གིས་ལས་སྒོ་གཉེར་བའི་དུས་ཚོད་ཐུང་དུ་ཤུགས་ཆེན་བཏང་བ་སྟེ། སྔོན་ཆད་བསྡུ་དགོས་ངེས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་བའི་བརྒྱུད་རིམ་ཧྲིལ་པོར་ཆ་སྙོམས་ཉིན་20ལྷག་ཙམ་དགོས་པ་དང་། ད་ཆ་ཆ་སྙོམས་ཉིན་5ལས་དགོས་ཀྱི་མེད་ཅིང་། ཐུང་ཤོས་ལ་ཉིན་3ལས་མི་དགོས་པར་མ་དངུལ་བསྡུ་བའི་ལས་ཕྱོད་དང་སྟབས་བདེ་ཚད་དུས་མཉམ་དུ་ཆེ་རུ་ཕྱིན་པས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དེ་བས་མང་བས་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།