དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ལྗོངས་ཀྱིས་ཞོག་ཁོག་སོན་བཟང་སྣ་ཁ་10བདམས་པ།

    མུའུ་རེའི་ཐོན་ཚད་20%ཡན་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    ཉེ་ཆར་གསར་འགོད་པར་ལྗོངས་ཞིང་ལས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་ཀྱི་ཞོག་ཁོག་ཐོན་ལས་ལག་རྩལ་མ་ལག་ལྷ་ས་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱིས་འདེབས་འཛུགས་ལས་རིགས་གསར་གཏོད་དང་འགག་རྩའི་ལག་རྩལ་འདུས་གྲུབ་ལ་དམིགས་ནས། ས་མཐོར་འཚམ་པའི་ཞོག་ཁོག་སོན་བཟང་སྣ་ཁ་10བདམས་པ་དང་དཔེ་སྟོན་ཁྱབ་གདལ་བཏང་རྗེས་མུའུ་རེའི་ཐོན་ཚད་20%ཡན་ཟིན་པ་མ་ཟད། ཞིང་འབྲོག་པ་མི་ཐེངས་1250ལ་གསོ་སྦྱོང་བྱས་ནས་བོད་ཀྱི་ཞོག་ཁོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཚན་རྩལ་གྱི་སྒུལ་ཤུགས་བསྣན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ལ་སྤུས་ཀ་ལེགས་ཤིང་ཐོན་འབབ་མང་བའི་ཞོག་ཁོག་གི་སྣ་ཁ་དཀོན་པ་དང་འཕྲོད་ཤུགས་ཞན་པ་སོགས་ཀྱི་འཇུར་མིག་ལ་དམིགས་ནས། རྒྱལ་ཁབ་ཞོག་ཁོག་ཐོན་ལས་ལག་རྩལ་མ་ལག་ལྷ་ས་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱིས་སྐྱེ་དངོས་ཀྱི་ནམ་དུས་དང་། ཞིང་ལས་ལག་རྩལ་གྱི་ངོ་བོ། ལྡོག་འགོག་རང་བཞིན་སོགས་ཀྱི་དམིགས་ཚད་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་པ་དང་། སྣ་ཁ་གསར་པ་འདེམས་སྒྲུག་དང་ས་གནས་དེ་གའི་འདེམས་གསོ་བརྒྱུད་རིམ་ལྡན་པའི་ངང་སྤེལ་བས། སྣ་ཁ་ཞན་འགྱུར་གྱི་དཀའ་གནད་ནུས་ལྡན་ངང་བསལ་ཏེ། ཐོན་ལས་ལ་བརྟན་ཞིང་བློས་འགེལ་ཆོག་པའི་སྤུས་ལེགས་ཀྱི་སོན་ཁུངས་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།