དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཏུའུ་ནས་ལྷ་ས་བར་གྱི་འཁོར་སྐྱོད་འཆར་གཞིའི་ནང་བཅུག་པའི་ཟོག་འདྲེན་དུས་གཏན་མེ་འཁོར་ཐོག་མ་བོད་དུ་བདེ་བླག་ངང་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    ཟླ་10ཚེས་14ཉིན་གྱི་ཕྱི་དྲོར། ཁྲེང་ཏུའུ་ནས་ལྷ་ས་བར་གྱི་འཁོར་སྐྱོད་འཆར་གཞིའི་ནང་བཅུག་པའི་ཟོག་འདྲེན་དུས་གཏན་མེ་འཁོར་ཐོག་མ་མཚོ་བོད་ལྕགས་ལམ་ཟོག་འགྲུལ་ལྟེ་གནས་ལྷ་ས་འབབ་ཚུགས་ནུབ་མའི་ལྕགས་ལམ་དོས་རར་བདེ་བླག་ངང་འབྱོར་ཞིང་། ད་ཐེངས་ཀྱི་དུས་གཏན་མེ་འཁོར་གཏོང་འགོ་ཚུགས་པ་དེ་ཐོག་ནས་ཁྲོན་བོད་དབར་གྱི་རྒྱུན་རྣམ་ཅན་གྱི་ལྕགས་ལམ་ཟོག་འདྲེན་བགྲོད་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དུས་གཏན་མེ་འཁོར་དེ་རྒྱལ་ཡོངས་ཀྱི་དུས་ཚིགས་བཞི་པའི་མེ་འཁོར་འཁོར་སྐྱོད་འཆར་གཞིའི་ནང་བཅུག་ནས“དུས་ཚོད་གཏན་འཁེལ་དང་། ལམ་ཐིག་གཏན་འཁེལ། གཏོང་དུས་གཏན་འཁེལ”བཅས་ཀྱི་རྣམ་པར་བརྟེན་ནས་འཁོར་སྐྱོད་བྱེད་པ་དང་། ལམ་ཐིག་སི་ཁྲོན་ཞིང་ཆེན་དང་། མཚོ་སྔོན་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་བརྒལ་ཏེ་ལམ་བར་དུ་པའོ་ཅི་ནས་ཁྲེང་ཏུའུ་བར་དང་། ལན་ཀྲོའུ་ནས་ཁྲུང་ཆིང་བར། མཚོ་སྔོན་ནས་བོད་ལྗོངས་བར་སོགས་མ་ལམ་མང་པོ་བརྒྱུད་དགོས་པ། སྐྱེལ་འདྲེན་གནད་ལ་འཁེལ་བ་དང་། འཁོར་སྐྱོད་བརྟན་པ། སྐྱེལ་འདྲེན་བྱེད་ཚད་མང་བ་བཅས་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས་གཏོང་འགོ་ཚུགས་རྗེས་གཞུང་ལམ་སྐྱེལ་འདྲེན་དང་གསབ་རེས་ཐུབ་ནས། དགུན་དུས་ས་མཐོའི་ཟོག་འགྲུལ་ཤར་གཏོང་མི་ཐུབ་པ་དང་སྐྱེལ་འདྲེན་བྱེད་ཤུགས་མི་འདང་བ་སོགས་ཀྱི་དཀའ་གནད་ཐག་གཅོད་ཐུབ་སྟེ། ཁྲོན་བོད་དངོས་ཟོག་ཕྱོགས་གཉིས་ནས་འཁོར་རྒྱུག་བྱེད་པའི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།