དབུ་ཤོག
  • ནད་རིགས་འདི་དག་ལ་རིན་མེད་བརྟག་དཔྱད་བྱེད་ཀྱི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-10-15

    “འཛམ་གླིང་གི་ཟུག་འཇོམས་ཉིན་མོ”དང“ཀྲུང་གོའི་ཟུག་འཇོམས་གཟའ་འཁོར”ཐེངས་23པ་འཆར་ཉེར་ཡོད་པས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་རིག་ཚན་མང་པོའི་རིགས་གཅིག་མཁས་ཅན་ཚོགས་པ་དང་མཉམ་དུ། ཟླ་10ཚེས་19ཉིན་གྱི་སྔ་དྲོའི་ཆུ་ཚོད་9:30ནས་11:00བར་ལ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སྒོ་བསྟེན་སྨན་ཁང་གི་ཚོམས་ཆེན་དུ་སྤྱི་ཕན་གྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་རྒྱུ་རེད། 

    བྱེད་སྒོ་སྤེལ་ཡུལ་དུ་ཆེད་ལས་ཀྱི་བརྟག་དཔྱད་དང་། ནད་བརྟག་སྨན་བཅོས། བདེ་ཐང་ཚན་རིག་ཁྱབ་གདལ་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད་པ་དང་། ད་རེས་དབང་རྩ་དང་། སྒལ་རུས། རུས་ཚིགས། འབྲས་སྐྲན་སོགས་གཅོང་ནད་ཀྱི་ན་ཟུག་སྣ་ཚོགས་ལ་ནད་བརྟག་སྨན་བཅོས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།