མཚོ་སྔོན་དུ་སྨན་ཉོ་བའི་སྐད་འཕྲིན་བྱ་རིམ་ཆུང་ངུ་སྤྱོད་འགོ་ཚུགས་པ།
ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྨན་རྫས་ལྟ་འདོམས་དམངས་ཕན་ཞབས་ཞུའི་མ་ལག་རྒྱུན་མཐུད་ལེགས་སུ་བཏང་ནས་གྲངས་གཞི་བེད་སྤྱོད་མང་ཙམ་དང་མང་ཚོགས་ཡར་རྒྱུག་མར་རྒྱུག་ཉུང་ཙམ་བྱེད་ཆེད། ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས་བཟོས་པའི“སྨན་ངས་ཉོ་རོགས་བྱེད”ཅེས་པའི་སྐད་འཕྲིན་བྱ་རིམ་ཆུང་ངུ་བེད་སྤྱོད་གཏོང་འགོ་ཚུགས་པ་ལས་སྨན་རྫས་ལྟ་འདོམས་ཞབས་འདེགས“སྦར་མཐིལ་ནས་སྒྲུབ་པ་དང་། ཡུལ་དུས་ངེས་མེད་དུ་སྒྲུབ་པ། སྟབས་བདེ་པོར་སྒྲུབ་པའི྇”གྲངས་འཛིན་ཅན་གྱི་དུས་མཚམས་གསར་པར་བསླེབས་པ་མཚོན་ཡོད།
ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས“སྨན་རྩད་གཅོད་དཀའ་བ་དང་། སྨན་འཚོལ་དཀའ་བ། བློ་འདྲི་དཀའ་བ”བཅས་དང་དེ་བཞིན་སྨན་རྫས་གཅིག་པ་ཡིན་ཀྱང་རིན་གོང་ལ་ཧེ་བག་ཆེ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལྟ་འདོམས་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ་རིག་ལྡན་སྨན་རྫས་ལྟ་འདོམས་འཛུགས་སྐྱོང་ཡག་པོ་བྱས་པ་རེད། ད་ཐེངས་སྤྱོད་འགོ་ཚུགས་པའི“སྨན་ངས་ཉོ་རོགས་བྱེད”ཅེས་པའི་སྐད་འཕྲིན་བྱ་རིམ་ཆུང་ངུ་སྤྱོད་བདེ་ལ་གོ་ཆོད་པའི་ཁར་ཕབ་ལེན་ཡང་བྱེད་མི་དགོས་པར་སྤྱོད་མཁན་ཚོས་སྐད་འཕྲིན་ནས་བཤེར་འཚོལ་བྱས་ཏེ་ཐད་ཀར་བེད་སྤྱོད་གཏོང་ཆོག་གི་ཡོད་པ་རེད། བྱ་རིམ་ཆུང་ངུ་དེས་སྨན་རྫས་ལྟ་འདོམས་ཀྱི་ཞབས་ཞུ་གཙོ་བོར་དམིགས་ནས་སྨན་རྫས་ཀྱི་སྲིད་ཇུས་སྐོར་བློ་འདྲི་དང་། སྨན་རྫས་ཀྱི་རིན་གོང་བསྡུར་བ། སྨན་དོན་བློ་འདྲི། སྨན་རྫས་ཚོང་ཁང་དང་སྨན་རྫས་འཚོལ་བ། ཞུ་གཏུག་ཐེར་འདོན་སོགས་ཚུད་པའི་རྒྱུན་སྤྱོད་བྱེད་ནུས་ཁག་གཅིག་ཡོད་པ་རེད། བྱ་རིམ་ཆུང་ངུའི་ནང་རྒྱུན་སྤྱོད་སྨན་རྫས་སྣ་ཁ་1200ཡོད་ལ་རིན་གོང་ལྟ་བ་དང་། སྨན་རྫས་ཚོང་ཁང་འཚོལ་བ། རོགས་སྐྱོར་འཚོལ་བ། བློ་འདྲི་བྱེད་ས་འཚོལ་བ་བཅས“ལྟ་བ་གཅིག་དང་འཚོལ་བ་གསུམ”མངོན་འགྱུར་བྱུང་ཡོད། དུས་འགོར་ཞིང་ཆེན་ཡོངས་ཀྱི་མུ་འབྲེལ་སྨན་རྫས་ཚོང་ཁང་500ལྷག་ཙམ་དང་སྦྲེལ་མཐུད་བྱས་པ་དང་ཆབས་ཅིག “དྲུག་སྤེལ”ཁྱབ་གདལ་བྱེད་སྒོ་ཡང་སྤེལ་ནས། མང་ཚོགས་ཚོས་སྨན་ཉོ་སྐབས་དེ་བས་ཁ་གསལ་ཞིང་སྟབས་བདེ་བ་མ་ཟད་གདམ་ག་ཡང་མང་པོ་ཡོད་པར་བྱས་ཏེ། མང་ཚོགས་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་པ་རེད།
ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས“སྨན་ངས་ཉོ་རོགས་བྱེད”ཅེས་པའི་སྐད་འཕྲིན་བྱ་རིམ་ཆུང་ངུའི་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་དང་གཉེར་སྐྱོང་ཕན་ནུས་ཆེ་རུ་གཏོང་བ་དང་། གསར་སྣོན་བྱས་པའི་རྒྱུན་མཐོང་ཞབས་ཞུའི་དོན་ཚན་རྒྱུན་མཐུད་གསེད་བཀྲོལ་བྱས་ཏེ། བཀོལ་སྤྱོད་ཀྱི་བརྒྱུད་རིམ་སྟབས་བདེ་རུ་དང་སྤྱོད་མཁན་གྱི་མྱོང་ཚོར་ལེགས་སུ་གཏོང་རྒྱུ་ཡིན་པ་རེད། སྲོལ་རྒྱུན་ཞབས་ཞུའི་ཞན་ཆ་སེལ་བ་དང་། སྨན་རྫས་ལྟ་འདོམས་ཞབས་ཞུའི་ཐབས་ལམ་རྒྱ་ཆེར་བཏང་ནས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་བསྲུངས་ཏེ། སྨན་རྫས་ལྟ་འདོམས་ཞབས་འདེགས་ཡག་པོ་ཞུ་བ་དང་། མང་ཚོགས་དང་ཁེ་ལས་ལ་ཕན་ཡག་པོ་ཐོགས་པར་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།