དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་དང་དར་སྤེལ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆུས་ཕེ།   |     སྤེལ་དུས།  2026-10-15

    ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)རྒྱལ་སྤྱིའི་སློབ་གསོ་སློབ་གླིང་གི་གཞུང་ལས་ཁང་ཞིག་ཏུ་ཏུར་མེན་སི་ཐན་ནས་ཡིན་པའི་དགེ་རྒན་རུའོ་ཧོ་མན་དང་ལས་རོགས་ཀྱིས་སློབ་ཐོན་སློབ་མའི་ཡིག་ཚགས་ལེགས་སྒྲིག་ལས་དོན་སྐོར་ལ་འབྲེལ་སྦྱོར་བྱེད་བཞིན་འདུག ཁོང་གིས་གསར་འགོད་པ་སློབ་གླིང་གི་ཐོག་སོ་དང་པོའི་ཚོམས་ཆེན་དུ་ཁྲིད་ཅིང་། དེར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2023ལོར་སློབ་གྲྭ་དེའི་ཨེ་ཤེ་ཡ་དབུས་མའི་ཕྱི་སྦྱོང་སློབ་མར་སྤྲིངས་གནང་བའི་འཕྲིན་ལན་འགྲེམས་སྟོན་བྱས་འདུག “ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་པ་དང་དེར་འཕྲིན་ལན་འབྱོར་བ་ནི་ངའི་མི་ཚེའི་ནང་གི་ཟེར་བཀྲག་ཆེ་དུས་ཤིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ལས་ཀྲུང་གོ་ནི་ནམ་ཡང་ངའི་གདམ་ག་དང་པོ་དེ་ཡིན་པའི་ཡིད་ཆེས་བརྟན་དུ་ཕྱིན་སོང”ཞེས་རུའོ་ཧོ་མན་གྱིས་བཤད།

    2023ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)གྱི་ཨེ་ཤེ་ཡ་དབུས་མའི་ཕྱི་སྦྱོང་སློབ་མར་འཕྲིན་ལན་སྤྲིངས་གནང་ནས། ཁོང་ཚོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ལྕག་སྐུལ་གནང་བ་མ་ཟད“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་རི་ཆུ་འབྲེལ་བ་དང་། མཛའ་གྲོགས་ཟབ་ལ། ལས་དབང་གཅིག་ཏུ་འབྲེལ་ཡོད”དེར་བརྟེན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་མཛའ་མཐུན་འབྲེལ་བ་མི་རབས་ནས་མི་རབས་བར་ཕུགས་བསམ་ལྡན་པ་དང་བྱས་པ་ཅན་གྱི་གཞོན་ནུས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

    རུའོ་ཧོ་མན་ནི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་མཁན་གྱི་གྲས་ཤིག་ཡིན་པ་དང་སྐབས་དེ་དུས་ཁོང་ནི་སློབ་གྲྭ་དེའི་འབུམ་རམས་པ་ཞིག་རེད། “ཨེ་ཤེ་ཡ་དབུས་མའི་ཕྱི་སྦྱོང་སློབ་མ་ཞིག་གི་ངོས་ནས་བརྗོད་ན། 2023ལོ་ནི་བདེ་སྐྱིད་ལྡན་པའི་ལོ་ཞིག་རེད། གང་ཡིན་ཟེར་ན། ལོ་དེ་ནི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་ངོ་10འཁོར་བའི་ལོ་རེད་ལ། ང་ཚོའི་སློབ་གྲྭ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡང་རེད་ཅེས་རུའོ་ཧོ་མན་གྱིས་བཤད་པ་དང་། ཁོང་གིས། རྒྱལ་སྤྱིའི་སློབ་གསོ་མཉམ་ལས་ཀྱིས་མི་སྒེར་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྐྲུན་བཞིན་ཡོད་པ་ཚང་མས་མཐོང་ཡོད་ཅེས་བཤད།

    མི་རིང་བར་རུའོ་ཧོ་མན་དང་སློབ་གྲོགས་ཚོར་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་ཞིང“ཁྱེད་ཚོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བའི་དཔང་པོ་བྱེད་མཁན་དང་ཕན་པ་ཐོབ་མཁན་རེད་ལ་འཛུགས་སྐྲུན་བྱེད་མཁན་དང་བརྒྱུད་བསྒྲགས་བྱེད་མཁན་དེ་བས་ཀྱང་རེད”ཅེས་འཕྲིན་ལན་ནང་འཁོད་ཡོད་ཅིང“ཁྱེད་ཚོས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མཛའ་མཐུན་བྱ་གཞག་ནང་ཧུར་ཐག་ཞུགས་པ་དང་། དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ། ཀྲུང་གོའི་གཏམ་རྒྱུད་དང་ཨེ་ཤེ་ཡ་དབུས་མའི་གཏམ་རྒྱུད་ཡག་པོ་ཤོད་པ། མཛའ་གྲོགས་ཀྱི་ཕོ་ཉ་དང་མཉམ་ལས་ཀྱི་འབྲེལ་ཟམ་ཡག་པོ་བྱེད་པ་བཅས་ལ་བརྟེན་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད”ཅེས་འཕྲིན་ལན་ནང་གི་ཡི་གེ་རེ་རེ་དང་ཚིག་རེ་རེར་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་རེ་མངོན་ཡོད།

    སྐབས་དེ་དུས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་མཁན་ཨེ་ཤེ་ཡ་དབུས་མའི་ཕྱི་སྦྱོང་སློབ་མ་མང་པོ་ཞིག་མུ་མཐུད་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ནང་ཞུགས་ཡོད་པ་སྟེ། ལ་ལ་ནུས་རྒྱུའི་མཉམ་ལས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད་པ་དང་། ལ་ལ་ཚན་རྩལ་རྐང་འཛིན་པར་གྱུར་བས། ལ་ལ་དཔལ་འབྱོར་ཚོང་དོན་ལ་བྲེལ་བཞིན་ཡོད་པ་རེད། རུའོ་ཧོ་མན་ལ་འབུམ་རམས་པའི་སློབ་གནས་རག་རྗེས་སློབ་གྲྭར་དགེ་རྒན་བྱས་ནས་སློབ་གསོའི་མཉམ་ལས་ཀྱི་འཐབ་ས་དང་པོར་གཞི་ཚུགས་ནས་བསྡད་ཡོད་པ་རེད།

    ལོ་3རིང་། ཨེ་ཤེ་ཡ་དབུས་མ་དང་རྒྱལ་ཁབ་གཞན་ནས་ཕྱི་སྦྱོང་སློབ་མ་ཁག་ཐེངས་མང་པོ་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)དུ་ཡོང་ཡོད། སློབ་མ་གསར་པ་བསུ་བར་འགྲོ་རིམ་བཞིན་རུའོ་ཧོ་མན་གྱིས་ཁོང་ཚོ་རྒྱལ་སྤྱིའི་སློབ་གསོ་སློབ་གླིང་གི་ཐོག་སོ་དང་པོའི་ཚོམས་ཆེན་དུ་འཁྲིད་ཀྱི་ཡོད། “ངས་ཁོང་ཚོར་འཕྲིན་ལན་རྒྱབ་ཀྱི་གཏམ་རྒྱུད་ཤོད་འདོད་འདུག་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོའི་ཚོགས་སྤྱིར་མཐོང་ཧ་ཅང་ཆེན་པོ་གནང་གི་འདུག དེར་བརྟེན། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བ་ནི་གདམ་ག་ཡང་དག་ཅིག་རེད་ཅེས་ཤོད་འདོད་འདུག”ཅེས་རུའོ་ཧོ་མན་གྱིས་བཤད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ལས་ང་ཚོའི་སློབ་གྲྭ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཏུ་དེ་བས་དགའ་བསུ་ཐོབ་པར་གྱུར་ཞིང་། ད་ཆ་སློབ་གྲྭའི་ནང་ཨེ་ཤེ་ཡ་དབུས་མའི་ཕྱི་སྦྱོང་སློབ་མ་500ལྷག་ཙམ་ཡོད་པས་སྐད་འཕྲིན་ཚོགས་པ་གཅིག་ཏུ་ཤོང་གི་མི་འདུག”ཅེས་རུའོ་ཧོ་མན་གྱིས་བཤད་པ་དང་། ཁོང་གིས། ཆེས་སྔོན་ཐོན་གྱི་ལག་རྩལ་དང་འདུ་ཤེས་སློབ་སྦྱོང་བྱེད་དགོས་ཚེ། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བ་ནི་གདམ་ག་ཡག་ཤོས་དེ་ཡིན་པ་ཕྱི་སྦྱོང་སློབ་མ་ཚོར་ངོས་འཛིན་གཅིག་མཐུན་བྱུང་ཡོད་ཅེས་བཤད།

    “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་མགྱོགས་ལམ་དུ་སླེབས་ཡོད་པས་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་ཡོད”ཅེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་གི་བཀའ་མོལ་དེས་རུའོ་ཧོ་མན་ལ་ད་བར་བག་ཆགས་ཟབ་མོ་བཞག་ཡོད། ཏུར་མེན་སི་ཐན་དུ་ལོག་རིམ་བཞིན་ཁོང་གིས་ཀྲུང་གོའི་ཁྱད་ཆོས་དེ་བས་མང་བ་མཐོང་གི་ཡོད་དེ། ཀྲུང་གོའི་ལག་རྩལ་གསར་ཤོས་ཀྲུང་གོ་རྡོ་སྣུམ(ཏུར་མེན་སི་ཐན)ཨ་མུའུ་ཧོ་རང་བྱུང་སོལ་རླངས་ཀུང་སིའི་རྣམ་གྲངས་ཐོག་སྤྱོད་པ་དང་། ཀྲུང་གོའི་བཟོ་བཀོད་ཆེ་མོ་བས་ས་གནས་དེ་གར་གཞི་ཚུགས་ནས་ལག་རྩལ་གཞན་སྒྱུར་ལ་རམ་འདེགས་བྱེད་པ། ཀྲུང་གོའི་སྤུས་རྟགས་ཀྱི་ནུས་གསར་རླངས་འཁོར་གང་སར་མཐོང་རྒྱུ་ཡོད་པ། ཀྲུང་གོའི་ཚོང་ཟོག་མི་སེར་དཀྱུས་མའི་ཁྱིམ་དུ་མཐོང་རྒྱུ་ཡོད་པ་སོགས་རེད།

    མི་རིང་བའི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཨེ་ཤེ་ཡ་དབུས་མའི་ཕྱི་སྦྱོང་སློབ་མར་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུའི་མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུ་གྲོལ་བ་དང་། རྒྱལ་ཁབ་ཁག་གི་སྐུ་མགྲོན་གྱིས་མཉམ་ལས་ཀྱི་དགོས་མཁོ་གསར་པ་བཏོན་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་རུའོ་ཧོ་མན་ཡང་དེའི་ནང་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།