དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་གི་རྒུན་འབྲུམ་དང་རྒུན་ཆང་ཚོགས་ཆེན་སྐབས་ཞེ་བདུན་པ་དབྱིན་ཁྲོན་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-15

    ཚེས་12ཉིན། འཛམ་གླིང་གི་རྒུན་འབྲུམ་དང་རྒུན་ཆང་ཚོགས་ཆེན་སྐབས་ཞེ་བདུན་པ་དང་རྒྱལ་སྤྱིའི་རྒུན་འབྲུམ་དང་རྒུན་ཆང་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་ཆེན་ཉིང་ཞ་ཡིང་ཁྲོན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཁྱོན་རྩ་འཛུགས་དེའི་ཁོངས་མིའི་རྒྱལ་ཁབ་ཀྱི་འཐུས་མི་51དང་། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་32ཀྱི་གཞུང་ཚབ། ཕྱོགས་ཁག་གི་སྐུ་མགྲོན་800ལྷག་ཙམ་བཅས་ཞུགས་ཡོད། སྐབས་འདིའི་ཚོགས་ཆེན་ནི་རྒྱལ་སྤྱིའི་རྒུན་འབྲུམ་དང་རྒུན་ཆང་རྩ་འཛུགས་དང་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད་ལ་ཨེ་ཤེ་ཡར་གཉེར་ཐེངས་དང་པོའང་རེད།

    ཚོགས་ཆེན་ཐོག“གོ་ལ་ཧྲིལ་པོའི་རྒུན་འབྲུམ་དང་རྒུན་ཆང་ཐོན་ལས་ཀྱི་རྣམ་པ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཐོན་ལས་ཕྱོགས་སྒྱུར་དང་། གསར་གཏོད་འཕེལ་རྒྱས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་གྲོས་གཞིར་དམིགས་ནས། ཀྲུང་གོའི་རྒུན་འབྲུམ་དང་རྒུན་ཆང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤེལ་རེས་བགྲོ་གླེང་ཚོགས་འདུ་དང་ཚན་རིག་དང་ལག་རྩལ་གྱི་ཡན་ལག་ཚོགས་འདུ་སོགས་གཙོ་ཆེའི་བྱེད་སྒོ་ཁག་ལྔ་བཀོད་སྒྲིག་བྱས་པ་རེད། ཚོགས་ཆེན་དེ་ཀྲུང་གོ(ཉིང་ཞ)རྒྱལ་སྤྱིའི་རྒུན་ཆང་རིག་གནས་ཡུལ་སྐོར་དངོས་མང་སྟོན་ཚོགས་སྐབས་དྲུག་པ་དང་དུས་གཅིག་ཏུ་གཉེར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།