ཕྱི་འབྲེལ་པུའུ་ཡིས་བརྗོད་དོན།
ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་སེར་དང་དམངས་སྤྱོད་སྒྲིག་བཀོད་ལ་དམིགས་པའི་རྒོལ་རྡུང་ལ་ངོ་རྒོལ་བྱེད་ཀྱི་ཡོད།
ཉེ་ཆར། ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱིས་སོ་ཏི་ཨ་རབ་རྒྱལ་ཁོངས་ཀྱི་གནམ་ཐང་སོགས་སྒྲིག་བཀོད་ལ་དམག་དོན་བྱེད་སྤྱོད་ཐེངས་མང་སྤེལ་བར་དམིགས་ཏེ། ཚེས་12ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་སེར་དང་དམངས་སྤྱོད་སྒྲིག་བཀོད་ལ་དམིགས་པའི་རྒོལ་རྡུང་ལ་ངོ་རྒོལ་བྱེད་ཀྱི་ཡོད། འབྲེལ་ཡོད་ཕྱོགས་ཀྱིས་ས་ཁུལ་གྱི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་འགྲོ་བའི་བྱེད་སྤྱོད་མི་སྤེལ་བར། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་མི་མཐུན་ས་དང་རྩོད་གཞི་ཐག་གཅོད་བྱས་ཏེ། ས་ཁུལ་ཞི་བདེ་བརྟན་ལྷིང་གང་མགྱོགས་ཡོང་བའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
མའོ་ཉིང་གིས“ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒོལ་རྡུང་གིས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པར་རྒོལ་གཏམ་གཏོང་རྒྱུ་ཡིན་ལ། གདོང་གཏུག་ཛ་དྲག་ཏུ་ཕྱིན་པར་དོ་ཁུར་ཧ་ཅང་ཟབ་མོ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།