དམངས་ཀྱི་རེ་འདོད་ཉན། དམངས་ཆེད་འགན་འཁྲི་བསྒྲུབས།
—— ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་སྟོབས་ཚེ་རིང་གི་སྐོར་བཀོད་པ།
ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྲིད་གྲོས་ཀྱིས་རྫོང་ཨུད་ཀྱི“ཨིན་ཇི་གཅིག་དང་། གཤོག་པ་གཉིས། སྒུལ་ཤུགས་གསུམ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་དང“དེང་རབས་ཅན་བདུན”གྱི་འཐབ་ཇུས་བྱེད་ཐབས་ལ་དམ་པོར་དམིགས་ནས། ལག་ལེན་མང་པོའི་ཁྲོད་ལྷ་རིའི་དོན་དངོས་དང་འཚམ་ཞིང་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་ལས་ཀའི་ཐབས་ལམ་ཆ་ཚང་ཞིག་འཚོལ་ཞིབ་བྱས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་སྲིད་གྲོས་ཀྱིས་ཤང་དང་གྲོང་རྡལ་10ཡི་གྲོང་ཚོ(སྡེ་ཁུལ)124རུ“སྦྲ་གུར་སྒྲོག་འགྲེལ”ཐེངས་160ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་2.35ཞུགས་ཡོད་པ་རེད། ལྷ་རི་རྫོང་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་སྟོབས་ཚེ་རིང་དང་ཨུ་ཡོན་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་སེམས་པ་གཅིག་མཐུན་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་པ་དང་ཆབས་ཅིག “སྤྱི་དོན་དུ་ཏང་འཛུཌ་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་བྱ་སྤྱོད་ཚང་མར་དོན་འཁྱོལ་བྱས་པ་རེད། ཁོང་གིས“རྫོང་རིམ་པའི་སྲིད་གྲོས་ཐད་ཀར་གཞི་རིམ་ལ་ཁ་ཕྱོགས་ཡོད་པ་དང་ཨུ་ཡོན་མང་ཆེ་བ་ཡང་གཞི་རིམ་ནས་ཡིན་པས། མང་ཚོགས་དང་ཐག་ཉེ་ཤོས་ཡིན་ལ་གནད་དོན་ཡང་གསལ་པོར་ཤེས་ཀྱི་ཡོད” ཉེ་བའི་ལོ་ཤས་རིང་། རྫོང་དེའི་སྲིད་གྲོས་རྒྱུན་ལས་ཨུ་ལྷན་ལ་ཨུ་ཡོན་གྱི་གྲོས་གཞི་265འབྱོར་བ་ལས་གྲོས་གཞི་131ཐོ་འགོད་བྱས་པ་དང་། ཐོ་འགོད་མ་བྱས་ཀྱང་དཔྱད་གཞིའི་རིན་ཐང་ལྡན་པའི་གྲོས་གཞི་དག་བསམ་འཆར་དང་གྲོས་འགོ་ལྟར་སྒྲུབ་གཉེར་བྱས་པས། གྲོས་གཞི་དང་བསམ་འཆར་གྲོས་འགོ་ཚང་མར་བསྒྲུབས་ལན་སྤྲད་ཚད་100%དང་། ཨུ་ཡོན་བློ་ཡིད་ཚིམ་ཚད་99.8% ཨུ་ཡོན་འགན་སྒྲུབ་བྱེད་སྒོར་ཞུགས་ཚད་96.8%བཅས་ཟིན་ཡོད། གྲངས་གཞི་འདི་དག་ནི་ཡར་རྒྱུག་མར་རྒྱུག་བྱས་ཏེ་དཀའ་ལས་བརྒྱབ་ནས་ཐོན་པ་ཞིག་རེད།
ད་ཆ། ཁོང་གིས་སླར་ཡང་འགན་སྒྲུབ་ལས་སྟེགས་དེ་འབྲོག་པའི་སྒོ་རྩར་བཙུགས་ཡོད། རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་དང་སྡེ་ཁུལ་ཁག་གིས“སེ་འབྲུའི་རྡོག་པོའི་ཨུ་ཡོན་ལས་དོན་ཁང”11འཛུགས་རྒྱུར་སྐུལ་འདེད་བཏང་ནས“མངགས་ཐོ། མངགས་སྐྱེལ། མངགས་ལེན”བཅས་གདུབ་ཟུམ་ཞབས་ཞུའི་ལམ་སྲོལ་བཙུགས་པ་སྟེ། མང་ཚོགས་ཀྱིས་ཐོ་མངགས་པ་དང་ཨུ་ཡོན་གྱིས་ཐོ་དང་ལེན་བྱས་ནས་ཞབས་ཞུ་མི་ཐོག་ཏུ་འཁྱོལ་བར་བྱས་པ་རེད། དེ་གར་ཨུ་ཡོན་ཚོ་སྲིད་ཇུས་དྲིལ་བསྒྲགས་པ་དང་འགལ་བ་འདུམ་འགྲིག་པ་ཡིན་པ་མ་ཟད། ད་དུང་སྡེ་ཁུལ་བཅོས་སྐྱོང་གི་རོགས་སྐུལ་བ་དང་དམངས་ཆེད་ལས་དོན་སྒྲུབ་པའི་འབྲེལ་གཏུག་པ་ཡང་ཡིན། སྟོབས་ཚེ་རིང་གིས“ཤང་དང་གྲོང་རྡལ་ཁག་གི་འབྲོག་པ་མང་ཚོགས་ཚོས་ལས་དོན་ཁང་ལ་རེ་བ་ཆེན་པོ་བཅངས་ཡོད། ཚང་མས་གནད་དོན་དངོས་ཐག་གཅོད་བྱེད་པའི་གཡུལ་ས་ནུས་ལྡན་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།