དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་བརྩམས་ཆོས་ཤིག་ལ“སྐར་འོད་བྱ་དགའ”ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-14

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། སྐབས་35པའི་བརྙན་འཕྲིན་འཁྲབ་ཚན“མཁའ་སྐྱོད་བྱ་དགའ”དང་སྐབས་29པའི་རྒྱལ་ཡོངས་བརྙན་འཕྲིན་རིག་རྩལ་གྱི“སྐར་འོད་བྱ་དགའ”སྤྲོད་པའི་མཛད་སྒོ་ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་བཏོན་པ་དང་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་གསར་རྩོམ་ནང་ཞུགས་པའི་ལེའུ་བརྒྱ་ཡི་དངོས་མཚོན་གློག་བརྙན་ཐུང་གྲས་རྩེ་གྲ《རྒྱལ་ཁབ་ཀྱི་གཅེས་ནོར་སྤྱན་གཟིགས》(དུས་ཚིགས་དང་པོ)ཡི་མཚོ་སྔོན་གྱི་པར་གཞི《རྒྱལ་ཁབ་ཀྱི་གཅེས་ནོར་སྤྱན་གཟིགས། གླང་གཟུགས་གསེར་རྒྱན་གྲུ་བཞི་མ》ཞེས་པར“སྐར་འོད་བྱ་དགའི”ཕུལ་བྱུང་དངོས་མཚོན་གློག་བརྙན་གྱི་བྱ་དགའ་ཐོབ་པ་རེད།

    ལེའུ་བརྒྱ་ཡི་དངོས་མཚོན་གློག་བརྙན་ཐུང་གྲས་རྩེ་གྲ《རྒྱལ་ཁབ་ཀྱི་གཅེས་ནོར་སྤྱན་གཟིགས》(དུས་ཚིགས་དང་པོ)ཞེས་པ་དེ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཉམ་དུ་མཛུབ་ཁྲིད་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་31དང་དེ་བཞིན་རིག་རྫས་ཚན་པ་ཆེ་གྲས་ཁག་གིས་མཉམ་དུ་པར་ལེན་བྱས་ཤིང་། དེ་ནི་རྒྱལ་ཁབ་རིག་དངོས་ཀྱི་རབ་གསལ་བརྙན་པར་ཐོ་འགོད་འདུ་འགོད་ཀྱི་ལྟེ་བའི་གཙོ་གནད་རྣམ་གྲངས་ཤིག་ཡིན་ལ། དུས་རབས་གསར་པའི་རླུང་འཕྲིན་བརྙན་འཕྲིན་དང་རིག་རྫས་ལས་རིགས་ལས་བརྒལ་བའི་མཉམ་འདྲེས་དང་ཀྲུང་ཧྭའི་རིག་རྒྱུན་ལས་གསོན་ཤུགས་འཕེལ་བའི་བརྩམས་ཆོས་རྩེ་གྲ་ཞིག་རེད། དེའི་ནང་མཚོ་སྔོན་གྱི་པར་གཞི《རྒྱལ་ཁབ་ཀྱི་གཅེས་ནོར་སྤྱན་གཟིགས། གླང་གཟུགས་གསེར་རྒྱན་གྲུ་བཞི་མ》ཞེས་པས་མཚོ་སྔོན་གྱི་ས་གནས་དེ་གའི་རིག་རྫས་ཐོན་ཁུངས་ལ་གཞི་ཚུགས་པ་དང་ས་མཐོའི་དར་གོས་ལམ་བུའི་མཆོག་ནོར་ལ་དམིགས་ནས། དུར་ལམ་རྫོང་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ལོ་ངོ་སྟོང་གི་གསེར་ཆས་བརྙན་ལམ་ཐོག་སྟོན་ཏེ་རྩ་ཆེའི་ས་མཐོའི་རིག་དངོས་ཆུང་གྲས་འགྲེམས་སྟོན་ཁང་ནས་རྒྱལ་ཡོངས་ཀྱི་གར་སྟེགས་ཐོག་འགྲེམས་སྟོན་ཐུབ་ནས་དངོས་མཚོན་གློག་བརྙན་ཧྲིལ་པོར་བཀྲག་མདངས་འཚེར་བའི་ས་མཐོའི་ཤེས་དཔལ་གྱི་རྨང་གཞི་ཞིག་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།