དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཐོ་གྲང་ས་ཁུལ་གྱི་བྱེ་རྡོའི་ལམ་ངོས་བསྐྱར་སྤྱོད་ཀྱི་ལག་རྩལ་གོ་ལ་ཧྲིལ་པོར་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-14

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་ས་ཆ་དེ་རང་གི་ལམ་ངོས་ཀྱི་རྒྱུ་ཆ་རྙིང་པ་སྤྱད་དེ་འགྲོ་ལམ་བཟོ་བ་དང་སྒྱུར་བཀོད་བྱས་ནས་གཞི་ཁྱོན་ཆེན་པོས་སྤང་ཐང་སྔོག་མི་དགོས་ཤིང་། གནོད་སྐྱོན་ཆུང་བ་དང་མ་གནས་དམའ་ལ་སྐྱེ་ཁམས་ལ་ཕན་པའི་བྱེད་ཐབས་ཐོག་ནས་ཞིང་འབྲོག་མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་བསལ་བ་སྟེ། མཐོ་གྲང་ས་ཁུལ་གྱི་བྱེ་རྡོའི་ལམ་ངོས་བསྐྱར་སྤྱོད་ཀྱི་ལག་རྩལ་དེ་2026ལོའི་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འགྲིམ་འགྲུལ་གྱི་ཕུལ་བྱུང་དཔེ་མཚོན་ལག་ལེན་ནང་བདམས་པ་དང་། འབྲེལ་ཡོད་ཉམས་མྱོང་གོ་ལ་ཧྲིལ་པོར་ཁྱབ་གདལ་བཏང་བ་རེད།

    མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་ཚོད་ལྟ་བྱ་ཡུལ་དུ་ལག་རྩལ་དེ་སྤྱད་ཅིང་། རིམ་རྩིས་བརྒྱབ་ན་སྤྱི་ལེ་ཁྲི་1ལྷག་ཙམ་གྱི་ཞིང་འབྲོག་ཁུལ་གྱི་བྱེ་རྡོའི་ལམ་སྒྱུར་བཀོད་ལས་གྲྭར་སྤྱད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།