ཨེ་ཅིབ་ཀྱིས“བྱེ་གླིང་གི་ཤིང་འབྲས”ཁྲོམ་ར་དེ་བས་ཆེ་བར་འདོན་པར་སྐུལ་འདེད་བཏང་བ།

འདི་ནི་ཁེ་རོའི་ཁྲོམ་གཞུང་གི་ཁྲོམ་བཀྱག་ཅིག་ཏུ་སྐུ་མགྲོན་གྱིས་འབྲ་གོའི་བྲོ་བ་ལྟ་བཞིན་པ།
ཨེ་ཅིབ་ཞིང་ལས་དང་ས་ཞིང་ལེགས་བཅོས་པུའུ་ཡིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཨེ་ཅིབ་རྒྱལ་ཡོངས་སུ་འབྲ་གོའི་སྡོང་པོ་ཁྲི་2400ལྷག་ཙམ་ཡོད་པ་དང་འབྲ་གོའི་ལོའི་ཐོན་འབབ་ཏུན་ཁྲི་200ཡན་ཟིན་གྱི་ཡོད། ད་ཆ་ཨེ་ཅིབ་ནི་གོ་ལ་ཧྲིལ་པོའི་འབྲ་གོའི་ཐོན་འབབ་ཨང་དང་པོ་ཟིན་པའི་རྒྱལ་ཁབ་ཆེ་གྲས་ལ་གྱུར་ཡོད། འབྲ་གོ་ལ་ཡུལ་དེའི་སྨྱན་སྦྱོར་གྱིས“བྱེ་གླིང་གི་ཤིང་འབྲས”ཞེས་འབོད་པ་དང་ད་ཆ་དེ་ཉིད་གོ་ལ་ཧྲིལ་པོའི་ཁྲོམ་ར་དེ་བས་ཆེ་བའི་ཐོག་སྐྱོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།