མིང་ཏེ་འཐབ་ཇུས་གླེང་མོལ་ཐོག་བརྗོད་དོན།
ཀྲུང་གོའི་དཔལ་འབྱོར་གྱི་སྙུགས་ཤེད་དང་གསོན་ཤུགས་ལས་འཛམ་གླིང་ལ་གོ་སྐབས་གསར་པ་བསྐྲུན་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་11ཉིན། “སྙུགས་ཤེད་དང་གསོན་ཤུགས། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་གོ་སྐབས་གསར་པ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མིང་ཏེ་འཐབ་ཇུས་གླེང་མོལ(2026)གྱི་གླེང་སྟེགས་གཙོ་བོ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་ཁག་གི་དེ་སྔའི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་20ལྷག་ཙམ་གྱིས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དང་ཐོན་སྐྱེད་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བ། མི་ཐབས་རིག་ནུས་ཀྱིས་ཐོན་ལས་གསར་གཏོད་ལ་མཐུན་རྐྱེན་སྦྱོར་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་འཐབ་ཇུས་ཀྱི་གླེང་མོལ་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཆེད་བློ་གྲོས་སྐྱེས་སུ་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།