“འབོ་གསེར་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་སྟོབས་ཀྱི་ཆོད་སེམས་དང་ཡིད་ཆེས་འཕེལ་ཡོད”
—— རྒྱ་གར་གྱི“ཨེ་ཤེ་ཡ་ལྷོ་མ་གསར་པའི་གླེང་སྟེགས”ཀྱི་སྲོལ་གཏོད་པ་དང་ཀྲུའུ་ཞི་ཁུར་ཁཱ་ཉིར་བཅར་འདྲི་བྱས་པ།

“འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་བ་ལེགས་སྒྲིག་གཏིང་ཟབ་བྱེད་བཞིན་ཡོད། འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་ནི་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་འདིའི་མཆན་འགྲེལ་གསོན་ཉམས་དོད་པོ་ཞིག་ཡིན” ཉེ་ཆར། རྒྱ་གར་གྱི“ཨེ་ཤེ་ཡ་ལྷོ་མའི་གླེང་སྟེགས་གསར་པའི”སྲོལ་གཏོད་མཁན་དང་ཀྲུའུ་ཞི་སུའུ་ཐིང་ཏེ་ལ·ཁུར་ཁཱ་ཉི་ཡིས་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། འབོ་གསེར་རྒྱལ་ཁབ་བཙུགས་ནས་ལོ་20སོང་རིང་། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་དེ་ཁོངས་མིའི་རྒྱལ་ཁབ་11དང་རོགས་ཟླའི་རྒྱལ་ཁབ་10ཡོད་པའི“འབོ་གསེར་རྒྱལ་ཁབ་ཆེན་པོ”ཞིག་ཏུ་འཕེལ་རྒྱས་ཕྱིན་པ་མ་ཟད། རྒྱལ་ཁབ་དེ་བས་མང་བས་འབོ་གསེར་ཁྱིམ་ཚང་ཆེན་པོའི་ནང་ཞུགས་འདོད་བྱེད་ཀྱི་ཡོད། དེའི་ཐོག་ནས་འབོ་གསེར་མཉམ་ལས་ཀྱི་ལམ་སྲོལ་དེ་ལོ་རྒྱུས་ཀྱི་འཕེལ་འགྲོས་དང་མཐུན་པ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དེ་བས་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་རེ་སྒུག་ཆེན་པོ་བྱས་པར་ཨ་ལན་བསློགས་པ་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།
ཁུར་ཁཱ་ཉི་ཡིས་ངོས་འཛིན་བྱས་དོན། འབོ་གསེར་རྒྱལ་ཁབ་ཀྱིས་ཚབ་མཚོན་དུ་བྱས་པའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ཐུན་མོང་དར་རྒྱས་འགྲོ་བཞིན་ཡོད། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་གྲུབ་པའི་རྒྱལ་སྤྱིའི་སྒྲིག་ལམ་ཁྲོད་དུ་ནུབ་ཕྱོགས་ཀྱིས་དེ་སྔ་དུས་ཡུན་རིང་པོར་དཔལ་འབྱོར་དང་ཆབ་སྲིད་ཐ་ན་འཇམ་ཤུགས་ཁྱབ་ཁོངས་སུ་གཙོ་ཁྲིད་ཀྱི་གནས་བབ་བཟུང་ཡོད། ད་ཆ་འཛམ་གླིང་སྣེ་མང་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་མེ་གླིང་བྱང་མ་དང་ཡོ་རོབ་ཕུད་དེ་བྱིངས་ཚང་མར་འཕེལ་རྒྱས་ཀྱི་སྣེ་གསར་པ་ཞིག་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་པ་དང་རྒྱ་གར་དང་། ཨུ་རུ་སུ། པར་ཙིར། ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་ཀྱིས་ཀྱང་སྣེ་མང་ཅན་གྱི་འཛམ་གླིང་ལ་གསོན་ཤུགས་གསར་པ་བསྣན་ཡོད།
“ཕྱོགས་རྐྱང་པའི་བཀག་སྡོམ་དང་། ལག་རྩལ་གྱི་བཀག་རྒྱ། སྒོ་ཁྲལ་གོ་མཚོན་ཅན་སོགས་བཙན་དབང་གི་བྱེད་སྤྱོད་མདུན་དུ། འབོ་གསེར་རྒྱལ་ཁབ་ཀྱིས་ངེས་པར་དུ་མཐུན་སྒྲིལ་བྱས་ཏེ་ཐུན་མོང་ཐོག་སྐད་གསང་མཐོན་པོས་འབོད་སྐུལ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས” ཁུར་ཁཱ་ཉི་ཡིས། “འབོ་གསེར་མཉམ་ལས་ལམ་སྲོལ་ནི་རྒྱལ་ཁབ་གང་རུང་ལ་དམིགས་པའི་ཚོགས་པ་ཞིག་མིན་པར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་ལས་སྟེགས་ཤིག་རེད། འབོ་གསེར་གྱི་སྙིང་སྟོབས་ཀྱིས་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་བྱེད་དགོས་ལུགས་ནན་བཤད་བྱེད་པ་ལས་གཞན་འབུད་རང་བཞིན་གྱི་འཁོར་རྒྱ་ཆུང་ངུ་དོན་གཉེར་བྱེད་ཀྱི་མེད། འབོ་གསེར་མཉམ་ལས་ལམ་སྲོལ་གྱི་རྒྱལ་སྒོ་དེ་ཐོག་མཐའ་བར་གསུམ་དུ་བློ་སེམས་གཅིག་མཐུན་ཡོད་མཁན་ལ་ཕྱེ་ཡོད”ཅེས་བརྗོད།
ད་ལོའི་རྡི་ལི་གསར་པའི་འབོ་གསེར་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“སྙུགས་ཤེད་དང་། གསར་གཏོད། མཉམ་ལས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས”བཅས་ཡོང་བ་བྱ་རྒྱུ་དེ་རེད། “ད་ལོའི་འབོ་གསེར་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་དགོས་མཁོ་དང་མཐུན་ཡོད” ཁུར་ཁཱ་ཉི་ཡིས་བརྗོད་དོན། མིག་སྔར་ཕྱོགས་རྐྱང་རིང་ལུགས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ཟང་ཟིང་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་བཟོས་པས། འབོ་གསེར་རྒྱལ་ཁབ་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་སྙུགས་ཤེད་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་ཉུང་ཤས་ཀྱི་ཁེ་བེད་བདག་ཐོབ་ཏུ་འགྱུར་མི་རུང་། མི་ཐབས་རིག་ནུས་དང་། འཕྲུལ་མི། གྲངས་གཞི་ཆེ་མོ་སོགས་གསར་དར་ཐོན་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མར་ཕན་པ་ཐོབ་པར་བྱེད་དགོས། གནམ་གཤིས་ཉམས་ཉེན་གྱི་མདུན་དུ་འབོ་གསེར་རྒྱལ་ཁབ་ཀྱིས་རྡོ་འགྱུར་འབུད་རྫས་ནས་ལྗང་མདོག་ནུས་རྒྱུ་གཙང་མར་མགྱོགས་མྱུར་ཕྱོགས་སྒྱུར་བྱས་ཏེ་ཉི་ནུས་དང་། རླུང་ནུས། ཆིང་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས།
ཁུར་ཁཱ་ཉི་ཡིས་བརྗོད་དོན། ཀྲུང་གོས་འབོ་གསེར་མཉམ་ལས་ལམ་སྲོལ་རྒྱ་སྟོབས་ཆེ་རུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་དུས་བསྟུན་འཕེལ་རྒྱས་ཀྱིས་འབོ་གསེར་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་གི་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་གསར་སྤེལ་དངུལ་ཁང་གསར་པ་འཛུགས་པར་སྐུལ་འདེད་བཏང་བ་དང་། “འབོ་གསེར+”མཉམ་ལས་བྱེད་སྟངས་དར་སྤེལ་ཐོག་མར་བཏང་བ། བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བའི་གསར་གཏོད་རྟེན་གཞི་འཛུགས་རྒྱུའི་གྲོས་འགོ་བཏོན་ཞིང་། “ཀྲུང་གོ་ཕྱོགས་ཀྱི་འདོད་ཚུལ་དང་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་པ་ལས་འབོ་གསེར་མཉམ་ལས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད”
“རྡི་ལི་གསར་པའི་འབོ་གསེར་དབུ་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གདོང་ལེན་པ་དང་། ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གདོང་ལེན་པ། ཤེས་དཔལ་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་གདོང་ལེན་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་གདོང་ལེན་པ་བཅས་བྱེད་དགོས་ཞེས་བཏོན་གནང་བས། འབོ་གསེར་མཉམ་ལས་ལ་ལོ་རྒྱུས་ཀྱི་འགན་འཁྲི་སླར་ཡང་ཁ་གསལ་བཟོས་ཡོད”ཅེས་ཁུར་ཁཱ་ཉི་ཡིས་བརྗོད་ཅིང་། ཁོང་གིས།“གདོང་ལེན་པ་ཆེན་པོ་བཞི”ལས་འབོ་གསེར་མཉམ་ལས་ཀྱི་འཐབ་ཇུས་ངེས་གནས་མཐོ་རུ་ཕྱིན་པ་དང་། “འབོ་གསེར་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་སྟོབས་ཀྱི་ཆོད་སེམས་དང་ཡིད་ཆེས་འཕེལ་ཡོད”ཅེས་བརྗོད།
“ཁ་ཧྲན་དང་ཐེན་ཅིན་དུ་ཞལ་འཛོམས་གནང་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་རེས་ཙུང་ལི་མོ་ཏི་དང་ལྷན་དུ་སླར་ཡང་ཕྱོགས་གཉིས་ཀྱི་ཞལ་འཛོམས་གནང་ནས་རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་ལེགས་སུ་འགྲོ་བར་སྒུལ་ཤུགས་སྦྱིན་ཡོད” ཁུར་ཁཱ་ཉི་ཡིས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་རྒྱ་གར་དང་ཀྲུང་གོའི་འབྲེལ་བ་རིམ་བཞིན་ཉམས་རྒུད་ཀྱི་གནས་ལས་ཐར་ཏེ“སླར་ཡང་རྡོག་ཐོན”ནས“སླར་ཡང་ལེགས་གཏོང”མངོན་འགྱུར་བྱུང་ཡོད། རྒྱ་གར་དང་ཀྲུང་གོའི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་གཏོང་བར་ཕྱོགས་གཉིས་པོའི་མི་དམངས་དུང་ཕྱུར་28ལྷག་ཙམ་གྱི་དགའ་བསུ་ཐོབ་པ་མ་ཟད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་འཁུར་དགོས་ངེས་ཀྱི་འོས་འགན་ཞིག་ཀྱང་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།