ནང་སོག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་བ།
བློ་སེམས་གཅིག་མཐུན་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པ།
ནང་སོག་རང་སྐྱོང་ལྗོངས་ཨ་ལག་ཤ་མོང་ཨ་ལག་ཤ་ཡིའུ་ཆིའི་མཐའ་མཚམས་དོ་དམ་རུ་ཆེན་གྱི་བུད་མེད་མཐའ་སྲུང་རུ་ཁག་གི་རུ་མི་ཚོས་མཉམ་དུ་པ་ཏན་ཅི་ལིན་བྱེ་ཐང་དུ་སྐོར་གཡེང་བྱེད་བཞིན་མཆིས།
མཐའ་མཚམས་སུ་སྐོར་གཡེང་བྱེད་སྐབས་ཚང་མས་ལས་བགོས་མཉམ་སྒྲུབ་དང་འགྲོ་དཀའ་བ་དང་ཉེན་ཁ་ཆེ་བའི་ལམ་དུམ་དུ་ཕན་ཚུན་སྐྱོར་རོགས་བྱེད་ཀྱི་ཡོད། “མཐའ་མཚམས་སྲུང་བ་ནི་མི་རིགས་ཁག་གི་ཐུན་མོང་གི་ཁྱིམ་གཞིས་སྲུང་བ་ཞིག་ཡིན”ཞེས་རུ་དཔོན་ཧྲའོ་རི་ཀའོ་ཀེས་བཤད།
2023ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་ལ་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡང་ཡིན”ཞེས་གསུངས་པ་རེད།
མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ནང་སོག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་ལྕག་གཏོང་བ་བཅས་བྱས་པ་རེད།
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།
“དཔེ་ཁུག་དམར་པོ་གཅིག་དང་རྩྭ་ཐང་གི་ལམ་བུ་གཅིག རྣམ་པར་བཀྲ་བའི་འཇའ་ཚོན་གཅིག་གིས་ཁྱེད་དང་ང་ཚོ་གཅིག་ཏུ་སྦྲེལ”ཤིས་ལིན་ཀུའོ་ལེ་མོང་སུའུ་ཉི་ཐེ་ཡིའུ་ཆི་སང་པའོ་ལ་ཀེ་སུའུ་མུའུ་པ་ཡན་ཝུའུ་ལཱ་ཀ་ཁྲའི“དཔེ་ཁུག་དམར་པོའི”ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོའི་རྟེན་གཞིར“དཔེ་ཁུག་དམར་པོའི”དང་བླངས་ཞབས་ཞུའི་རུ་ཁག་དང་སུའུ་ཉི་ཐེ་ཡིའུ་ཆིའི་གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པས་སྒྲིག་འཛུགས་བྱས་པའི་མི་རིཌ་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་བཞིན་ཡོད།
གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པ་དང“དཔེ་ཁུག་དམར་པོ”ཆ་སྒྲིག་པ་ལས་རྩྭ་ཐང་སྟེང་མི་རིགས་མཐུན་སྒྲིལ་དང་དམངས་ལ་ཞབས་འདེགས་ཞུ་བའི་རམ་འདེགས་རོལ་དབྱངས་དཀྲོལ་ཡོད། རྩྭ་ཐང་གི་གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པ་དེས་མི་རིགས་ཁག་གི་མང་ཚོགས་ལ་སྤྲོ་སྣང་བརྒྱུད་སྤྲོད་བྱེད་པར་གཞོལ་ཞིང་། “1972ལོར་པ་ཡན་ཝུའུ་ལཱ་ཀ་ཁྲར‘དཔེ་ཁུག་དམར་པོའི’སྒྲོག་འགྲེལ་རྣམ་པ་བཏོད་དེ་ཏང་གི་སྲིད་ཇུས་དང་ཚན་རིག་ཤེས་བྱ་སོགས་ཀྱི་དེབ‘དཔེ་ཁུག་དམར་པོའི’ནང་བསྡོགས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱས་ཡོད”ཅེས་སང་པའོ་ལ་ཀེ་སུའུ་མུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧུའེ་པིན་གྱིས་བཤད།
ལོ་བཅུ་ཕྲག་ཁ་ཤས་རིང་རྒྱུན་མཐུད་འཕེལ་རྒྱས་བཏང་བ་བརྒྱུད། གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པ་དེ་གཅིག་མཁས་མང་འཇོན་གྱི་ཕྱོགས་བསྡུས་ཞབས་ཞུའི་དཔུང་ཁག་ཅིག་ཏུ་གྱུར་པ་དང་། “དཔེ་ཁུག་དམར་པོ”ཡང་སྒྲོག་འགྲེལ་བྱེད་པའི་ལམ་སྲོལ་ཞིག་ནས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།
“ང་ཚོས‘གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པ་དང་དཔེ་ཁུག་དམར་པོ་ཟུང་འབྲེལ’གྱི་ཤེས་དཔལ་ལག་ལེན་བྱེད་སྟངས་གསར་གཏོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ལྟ་སྐྱོང་བྱེད་པའི་གཏམ་རྒྱུད་བརྗོད་ཡོད”ཅེས་སུའུ་ཉི་ཐེ་ཡིའུ་ཆིའི་གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པའི་རུ་དཔོན་གཞོན་པ་ཅི་རི་ཀ་ལས་བཤད། རིག་རྩལ་འཁྲབ་སྟོན་ཕུད་ཁོང་ཚོས་ད་དུང་སྲིད་ཇུས་སྒྲོག་འགྲེལ་དང་། གསོ་ཚགས་ཚན་རིག་ཁྱབ་སྤེལ། ཐད་གཏོང་ཟོག་ཚོང་སོགས་ཀྱི་བྱེད་སྒོ་སྤེལ་ནས་འབྲོག་པའི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད་ཡོང་འབབ་ཀྱང་མང་དུ་བཏང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ནང་སོག་གིས་གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པའི“སྦྱོང་གཏོད་འཁྲབ་གསུམ”གྱི་ལས་དོན་གསར་གཏོད་ཀྱིས་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ལོ་ལྔའི་རིང་ནང་སོག་རང་སྐྱོང་ལྗོངས་ཡོངས་ཀྱི་གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པ་75ཡིས་རིམ་རྩིས་བརྒྱབ་ན་འཁྲབ་སྟོན་ཐེངས་ཁྲི་4ལྷག་ཙམ་བྱས་པ་དང་། གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པ་ཁག་གིས་ལོ་ལྟར་གཞི་རིམ་དུ་དམངས་ཕན་འཁྲབ་སྟོན་ཐེངས་100ཡན་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་སྤྲོ་སྣང་དང་བདེ་སྐྱིད་སྦྱིན་ཡོད།
གསར་བརྗེའི་ཧྲག་བསྡུས་རིག་རྩལ་ཚོགས་པ་ལྟ་བུའི་གཞི་རིམ་དུ་གཞི་ཚུགས་པའི་དཔུང་ཁག་ནང་སོག་ཏུ་ད་དུང་མང་པོ་ཡོད། མི་རིགས་ཁག་གི་འཁྲབ་སྟོན་པ་60ལྷག་ཙམ་ལས་གྲུབ་པའི་ཨེར་ཏུའོ་སི་གྲོང་ཁྱེར་ཝུའུ་ཧྲེན་ཆིའི་པི་ཝང་རྟ་མགོ་མ་མཉམ་དཀྲོལ་རོལ་དབྱངས་ཚོགས་པ་ནི་དེའི་གྲས་ཤིག་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ནང་སོག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོར་དམིགས་ནས“ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ཐེངས་ཁྲི་17.3བྱས་པར་མང་ཚོགས་མི་ཐེངས་ཁྲི་1042.3ལ་ཕན་པ་ཐོབ་ཡོད།
མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།
ཤིས་ལིན་ཀུའོ་ལེ་མོང་སུའུ་ཉི་ཐེ་ཙུའོ་ཆིའི“རྒྱལ་ཁབ་ཀྱི་ཕྲུ་གུའི”བརྗོད་དོན་གཙོ་བོའི་འགྲེམས་ཁང་ནང་གི་འདྲ་པར་རྙིང་པ་དང་། དངོས་རྫས་རྙིང་པ། འཇིམ་རྐོས་བཅས་ལས“དྭ་ཕྲུག་སུམ་སྟོང་ནང་སོག་ཏུ་སྐྱོད་པའི”མི་སེམས་འགུལ་བའི་འདས་དོན་བསྐྱར་དུ་མངོན།
ལོ་60ལྷག་ཙམ་གོང་ལྷོ་ཕྱོགས་ཀྱི་དྭ་ཕྲུག་ཚོ་བྱང་ཕྱོགས་རྩྭ་ཐང་དུ་བསྐྱོད་པར་ནང་སོག་མི་དམངས་ཀྱིས“རྒྱལ་ཁབ་ཀྱི་ཕྲུ་གུ”ཞེས་བྱམས་བརྩེའི་ངང་འབོད་ཅིང་། མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ཁུར་དང་གཅེས་སྐྱོང་ཟབ་མོའི་འོག་ཕྲུ་གུ་ཚོ་རྩྭ་ཐང་དུ་བདེ་ཐང་ངང་འཚར་ལོངས་བྱུང་ཡོད།
ད་ཆ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མུ་མཐུད་རྩོམ་བཞིན་ཡོད་ཅིང་། 2010ལོར“རྒྱལ་ཁབ་ཀྱི་ཕྲུ་གུ”ཚོས་རང་འགུལ་ངང་གཅེས་སེམས་མཐུན་ཚོགས་བཙུགས་ནས་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་པ་དང་སྤྱི་ཕན་བྱེད་སྒོ་སྤེལ་གྱི་ཡོད། “ང་ཚོས་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གཏམ་རྒྱུད་བརྗོད་པ་དང་རང་ཉིད་ཀྱི་ནུས་པ་གང་ཡོད་ཀྱིས་སྤྱི་ཚོགས་ལ་དྲིན་ལན་འཇལ་གྱི་ཡིན”ཞེས་ཐུང་དགའ་ལཱ་དགའ་ཡིས་བཤད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ནང་སོག་གིས་སྡེ་ཁུལ་མི་རིགས་ཁག་སྒར་རེས་རྣམ་པའི་འཕེལ་རྒྱས་གཏིང་ཟབ་གཏོང་བའི་གཡུལ་ས་གལ་ཆེན་དུ་བརྩིས་ནས་སྒར་རེས་རྣམ་པའི་སྡེ་ཁུལ་གྱི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་ལེན་བསྟར་ཏེ། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་བཏོད་ཡོད།
མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་མ་བཏང་བ།
ཤིང་ཨན་མོང་ཁོར་ཆིན་ཡིའུ་དབྱི་ཀྲུང་ཆི་ཧའོ་ལི་པའོ་ཀ་ཁྲ་སེང་ལྡེང་འབྲས་ཤིང་རྟེན་གཞིའི་ནང་འབྲས་ཤིང་གི་ཡལ་འདབ་རྒྱས་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། ས་གནས་དེ་གས་ལྕགས་དྲ་སྐོར་བ་དང་། ས་ཁོད་སྙོམས་པ། ཁྲོན་པ་འདྲུ་བ་སོགས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཐབས་སྤྱད་པ་བརྒྱུད། བྱེ་ས་མུའུ་4600ཡི་སྟེང་སེང་ལྡེང་འབྲས་ཤིང་ཁྲི་30ལྷག་ཙམ་བཏབ་ཡོད།
“གོམ་སྟབས་རྗེས་མར་ང་ཚོས་སེང་ལྡེང་ཤིང་འབྲས་ལས་སྣོན་ཞིབ་ཚགས་བྱེད་པར་སྐུལ་འདེད་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱིས་མི་དེ་བས་མང་བར་ཕན་པ་ཐོབ་པ་བྱ་རྒྱུ་ཡིན”ཞེས་ཧའོ་ལི་པའོ་ཀ་ཁྲ་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཝང་ལི་ཝེ་ཡིས་བཤད། མིག་སྔར་ཆི་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་བྱེ་ས་མུའུ་ཁྲི་132ཙམ་བཅོས་སྐྱོང་བྱས་པ་དང་མུའུ་ཁྲི་5.9ཡི་གཅིག་སྡུད་ཡུག་སྦྲེལ་བྱེ་ས་བཅོས་སྐྱོང་བྱས་ཡོད།
མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་མཐུན་བྱེ་བཅོས་དང་ལག་གདང་སྦྲེལ་ནས་འབབ་འཕར་ཡོང་བ་བྱས་ཏེ་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཕུལ་ཡོད།
ཤིས་ལིན་ཀུའོ་ལེ་མོང་གི་ཞིང་འབྲོག་པའི་གསོ་སྦྱོང་ལྟེ་གནས་སུ“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང་ཨ་པ་ཀ་ཆི་ས་རུའུ་ལ་ཐུའུ་ཡ་ཀ་ཁྲའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་ཐིང·པ་ཐེར་གྱིས་སླར་ཡང་བཀའ་སློབ་ཞུ་བར་ཡོང་མཁན་གྱི་ཞིང་འབྲོག་པ་བསུས། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། ཐིང·པ་ཐེར་གྱིས་ས་གནས་དེ་གའི་ཞིང་འབྲོག་པའི་སྣེ་ཁྲིད་དེ་བྱེ་བཅོས་དང་། ཚན་རིག་དང་མཐུན་པའི་གསོ་ཚགས། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བཅས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ནང་སོག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ཡོང་བ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་རིམ་རྩིས་བརྒྱབ་ན། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་མ་དངུལ་སྒོར་དུང་ཕྱུར་35.39གཤམ་སྤྲོད་བྱས་པ་དང་། ཐུན་མོང་ཕྱུག་འགྱུར་རྣམ་གྲངས་3640ལག་བསྟར་བྱས་ནས་མི་རིགས་ཁག་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
ད་ཆ་ནང་སོག་གི་མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་ལག་གདང་སྦྲེལ་ནས་འབད་འཐབ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་། ཐོན་ལས་དར་རྒྱས། རིག་གནས་དར་རྒྱས། སྐྱེ་ཁམས་མཛེས་སྡུག དམངས་འཚོ་བདེ་སྐྱིད་བཅས་ཀྱི་དུས་རབས་ཀྱི་ལེའུ་ཐུན་མོང་ཐོག་རྩོམ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།