དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཐབས》ཐད་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-14

    ཉེ་ཆར། མི་སྤྱི་པུས《ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》(གཤམ་དུ་བསམ་འཆར་བསྡུ་ལེན་མ་ཟིན་ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཤིང་། ཟླ་10ཚེས་8ནས་ཟླ་11ཚེས་8ཉིན་བར་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད།

    བསམ་འཆར་བསྡུ་ལེན་མ་ཟིན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཤིང་། ལས་ཞུགས་རྣམ་པ་གསར་པའི་ཁྱད་ཆོས་དང་འཚམ་པ་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་རྩོལ་འགན་སྲུང་གི་དོ་ཁུར་ལ་བརྡ་ལན་བསློགས་པ། གཞི་རྩའི་ངལ་རྩོལ་ཁེ་དབང་འགན་སྲུང་གི་ནང་དོན་ཁ་གསལ་བཟོས་པ། ངལ་རྩོལ་སྒྲིག་སྲོལ་དང་རྩི་ཐབས་ཚད་ལྡན་བཟོས་པ། སྒྲིག་གཅུན་ཁེ་ལས་ཀྱི་ལས་མི་སྤྱོད་པའི་རྣམ་པ་རིགས་དབྱེ་བྱས་པ། ངལ་རྩོལ་གྱི་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ལམ་ཤར་གཏོང་བཅས་བྱས་ཏེ། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་དང་དེ་བཞིན་བྱེད་ཐབས་འདི་ལས་འགལ་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཁ་གསལ་བཟོས་ཡོད།

    ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་རིང་། དམངས་ཚོགས་ཀྱིས་མི་སྤྱི་པུའི་དྲ་ཚིགས་སུ་ཐོ་འགོད་དང་། འཕྲིན་ཡིག་འབྲི་བ། གློག་རྡུལ་སྦྲག་ཡིག་བསྐུར་བ་སོགས་ལ་བརྟེན་ནས་རྩ་ཆེའི་བསམ་འཆར་འདོན་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།