འགྲན་རར་ལང་ཚོའི་ཉམས་བཟང་ངོམ། ཁྲིམས་སྐྱོང་འདུ་ཤེས་བློ་ལ་འཇགས།

འདི་ནི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་གི་བརྗོད་དོན་གཙོ་བོའི་མཉམ་གཏོད་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ནི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་འཚོག་ཡུལ་ཡིན་པ།
ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པའི་སྟོན་དུས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་གཉེར་བ་མ་ཟད། ད་དུང“བཅའ་ཁྲིམས་ཀྱིས་ལོ་ཆུང་གཞོན་ནུར་སྲུང་སྐྱོང་བྱེད”ཅེས་པའི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་གི་བརྗོད་དོན་གཙོ་བོའི་མཉམ་གཏོད་བྱེད་སྒོ་དུས་གཅིག་ལ་སྤེལ་བ་རེད། ལུས་རྩལ་འགྲན་ཚོགས་ཐོག་སློབ་གྲོགས་ཚོས་དཔའ་ངར་ཆེན་པོས་འགྲན་བསྡུར་འཁྲུག་པོ་བྱས་ཏེ་གཞོན་ནུའི་ཉམས་འགྱུར་མངོན་པར་བྱས་པ་མ་ཟད། ཁྲིམས་སྐྱོང་མཉམ་གཏོད་ཀྱི་བྱེད་སྒོའི་ཁྲོད་སློབ་མ་ཚོས་བཅའ་ཁྲིམས་ཀྱི་ཤེས་བྱ་ནན་ཏན་ངང་ཉན་ནས་ཁྲིམས་སྐྱོང་གི་འདུ་ཤེས་རྒྱུད་ལ་འཇགས་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།