གཞིས་རྩེ་གྲོང་ཁྱེར་གྱིས།
Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བསྐྱར་ཞིབ་ལས་དོན་ཏན་ཏིག་སྤེལ་བ།
Aརིམ་པའི་མཛེས་ལྗོངས་ཁུལ་ཚད་ལྡན་ཅན་གྱི་གཉེར་སྐྱོང་དོ་དམ་རྒྱུན་མཐུད་ཚད་ལྡན་དུ་གཏོང་ཆེད། ཟླ་9ཚེས་7ནས་11ཉིན་བར། གཞིས་རྩེ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་པ་བསམ་གྲུབ་རྩེ་ཆུས་དང་། པ་སྣམ་རྫོང་། རྒྱལ་རྩེ་རྫོང་། ཁང་དམར་རྫོང་། གྲོ་མོ་རྫོང་བཅས་སུ་བསྐྱོད་དེ་Aརིམ་པའི་མཛེས་ལྗོངས་ཁུལ་ལ་ལོ་འཁོར་བསྐྱར་ཞིབ་དང་གནད་དོན་དག་ཐེར་གྱི་ཞིབ་བཤེར་ལས་དོན་སྤེལ་བ་རེད།
ད་ཐེངས་Aརིམ་པའི་མཛེས་ལྗོངས་ཁུལ་ཁྱོན་5ལ་འཐེན་བཤེར་བྱས་པ་དང་འབྲེལ། རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་རྫོང་གྲགས་ཅན་དང་། ཡུལ་སྐོར་གྲོང་ཚོ་སྟོབས་ཆེན། ལུས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི། ཡུལ་སྐོར་སྤྲོ་གསེང་ཁུལ། ཡུལ་སྐོར་སྤྲོ་གསེང་ཁྲོམ་ཁུལ་བཅས་དང་། དེ་བཞིན་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་རིག་གནས་ཡུལ་སྐོར་སྤུས་རྟགས་སྣ་ཚོགས་གཏོད་རྩིས་ཡོད་རིགས་ལ་ས་ཡུལ་དངོས་སུ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་རེད། ད་ཐེངས་ཞིབ་བཤེར་དེ་ས་ཡུལ་དངོས་སུ་ཞིབ་བཤེར་དང་། སྙན་སེང་ལྟ་ཞིབ། བརྒྱུད་རིམ་ལྡན་པའི་ཞིབ་བཤེར། ས་ཡུལ་དངོས་སུ་ལན་སློག་པ་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་སྤེལ་ཞིང་། ཡུལ་སྐོར་བའི་ལྟེ་གནས་དང་། རླངས་འཁོར་འཇོག་ས། ཡུལ་སྐོར་གསང་སྤྱོད། ལམ་སྟོན་མཚོན་རྟགས། ཉེན་འགོག་བདེ་སྲུང་། གསོ་རླུང་མཁོ་འདོན་སོགས་ལྷན་སྦྱར་སྒྲིག་བཀོད་འཁོར་སྐྱོད་གནས་ཚུལ་ལ་གཙོ་གནད་ཐོག་ས་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་རང་བཤེར་ལས་དོན་སྙན་སེང་ནན་ཏན་ཉན་པ། དོ་དམ་ལམ་ལུགས་དང་། མཛེས་ལྗོངས་ཁུལ་གྱི་བདེ་འཇགས་དཔྱད་དཔོག་བྱས་ཚུལ་སྙན་ཞུ་དང་། རྩིས་ཁྲ། ཞུ་གཏུག་ཐག་གཅོད་སོགས་ཀྱི་ཡིག་ཚགས་དཔྱད་ཡིག་ལ་ལྟ་ཞིབ་ཞིབ་ཕྲ་བྱས་པ་རེད།
ད་ཐེངས་ཀྱི་བསྐྱར་ཞིབ་ཞིབ་བཤེར་ནང་ཤེས་རྟོགས་བྱུང་བའི་སྒྲིག་བཀོད་བདག་སྐྱོང་ཞིབ་ཚགས་པོ་མེད་པ་དང་མཚོན་རྟགས་དང་བྱང་བུ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཞིབ་བཤེར་ཚོགས་ཆུང་གིས་ས་ཡུལ་དངོས་སུ་རེ་རེ་བཞིན་ལ་ལན་སློག་པ་དང་། ཞན་ཆ་དང་མི་འདང་ས་བཏོན་ཏེ་མཛེས་ལྗོངས་ཁུལ་ཁག་གིས་འཕྲལ་སྒྲུབ་འཕྲལ་བཅོས་དང་འཕྲལ་རྟོགས་འཕྲལ་བཅོས་བྱས་ཏེ། དུས་བཀག་ནང་ཞན་ཆ་སེལ་བ་དང་། མཛེས་ལྗོངས་ཁུལ་གྱི་རྒྱུན་གཏན་གཉེར་སྐྱོང་དོ་དམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་ལས་རིགས་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།