དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པས་ལྷུན་གྲུབ་རྫོང་དུ་སྐོར་སྐྱོད་འོས་འགན་སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-14

    ཉེ་ཆར། ལྷུན་གྲུབ་རྫོང་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་འབུམ་རམས་པ་སྨན་སྐྱིད་མཚོ་མོས་རུ་སྣེ་ཁྲིད་པའི་རིགས་གཅིག་མཁས་ཅན་ཚོགས་པ་ཆེད་མངགས་གདན་དྲངས་ཏེ། རང་སྐྱོང་ལྗོངས་ཀྱི་བོད་ལུགས་སྨན་པ་གྲགས་ཅན་རྒན་གྲས་ཚེ་རིང་གི་རྒྱུན་འཛིན་ལས་དོན་ཁང་དང་དེ་བཞིན་ཕྱི་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་མཉམ་དུ་ལྷུན་གྲུབ་རྫོང་བྱང་རྒྱུད་ཀྱི་ཤང་གསུམ་དུ་བསྐྱོད་ནས་ཞིབ་འཇུག་བྱ་གཞིར་བརྟག་ཞིབ་དང་སྤྱི་ཕན་གྱི་སྐོར་སྐྱོད་འོས་འགན་སྨན་བཅོས་བྱས་ཏེ། ཞིང་འབྲོག་པའི་ཁྱིམ་གྱི་སྒོ་རྩར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་འོས་འགན་སྨན་བཅོས་ཀྱིས་མང་ཚོགས་མི་ཐེངས་300ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། སྨན་རྫས་སྒམ་ཆུང་400ལྷག་ཙམ་རིན་མེད་སྤྲད་ནས་གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།