“བོད་ལྗོངས་དཔེ་མཛོད་ཁང་དང་སྒྲོན་མེ་བུམ་པའི”དབྱིན་ཡིག་གཏམ་བཤད་འགྲན་བསྡུར་སྐབས་དྲུག་པའི་མཐའ་བསྡུར་བྱས་པ།
ཟླ་10ཚེས་11ཉིན། “བོད་ལྗོངས་མཛེས་པ་ལ། ཁྱེད་ལ་གླེང་རྒྱུ་བྱུང་ན་དགའ་བ་ལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“བོད་ལྗོངས་དཔེ་མཛོད་ཁང་དང་སྒྲོན་མེ་བུམ་པའི”དབྱིན་ཡིག་གཏམ་བཤད་འགྲན་བསྡུར་སྐབས་དྲུག་པའི་མཐའ་བསྡུར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་བོད་ལྗོངས་སྒྲོན་མེ་སློབ་གསོས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ཟླ་8པ་ནས་སྤེལ་འགོ་ཚུགས་ཚུན། དབྱིན་ཡིག་ལ་དགའ་པོ་བྱེད་མཁན་རྒན་དར་གཞོན་གསུམ་གྱི་ཡིད་དབང་བཀུག་ཡོད། ཐོག་མའི་འགྲན་བསྡུར་བརྒྱུད་ཕུལ་བྱུང་བདམས་ཐོན་པ་24མཐའ་བསྡུར་ནང་ཚུད་པ་རེད།
མཐའ་བསྡུར་བྱ་ཡུལ་དུ་སློབ་ཆུང་ཚོགས་ཆུང་དང་། དམའ་འབྲིང་ཚོགས་ཆུང་། དར་མའི་ཚོགས་ཆུང་བཅས་ཚོགས་ཆུང་གསུམ་དུ་དབྱེ་ནས་རིམ་པ་བཞིན་འགྲན་བསྡུར་བྱས་ཤིང་། ཉིན་གང་འགྲན་བསྡུར་འཁྲུག་པོ་བྱས་མཐར། ཚོགས་ཆུང་སོ་སོའི་ཨང་དང་པོ་དང་། གཉིས་པ། གསུམ་པ། ཕུལ་བྱུང་བཅས་བདམས་ཐོན་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།