རྩིས་ཁྲ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་བྱེད་དགོས།
དུས་ཚིགས་བཞི་པར་རིགས་ཁག་གི་ཞིབ་བཤེར་དཔྱད་ཞིབ་དང་ཕྱོགས་སྡོམ་དཔྱད་བསྡུར་མང་པོ་བྱེད་འགོ་ཚུགས་པ་དང་ཆབས་ཅིག ཚན་པ་མི་ཉུང་བ་ཞིག་གིས་སླར་ཡང་རྩིས་ཁྲ་ཁ་གསབ་དང་དཔྱད་ཡིག་ལེགས་སྒྲིག་བྱེད་འགོ་ཚུགས་ཡོད། ལས་རྗེས་འཇོག་པའི་ཀུན་སློང་ནི་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད་ཡིན་མོད། འོན་ཀྱང“རྗེས་ཤུལ”ནི་གྲུབ་འབྲས་དངོས་ལས་གལ་ཆེ་བ་དང་། རྩིས་ཁྲ་ནི་ལས་ཀ་ལས་ཀྱང་རྙོག་འཛིང་ཆེ་རུ་འགྲོ་སྐབས། མི་རེ་ཟུང་ངམ་སྡེ་ཚན་རེ་ཟུང་ཙམ་མ་ཡིན་པར། རིམ་པ་ཁག་དང་ཚན་པ་ཁག་ཚང་མར་སུན་སྣང་སྐྱེ་གི་ཡོད།
དོན་དངོས་ཐོག་ལས་རྗེས་འཇོག་པར་གནད་དོན་མེད། གནད་དོན་ནི་ལས་རྗེས་དང་ཕན་འབྲས་གཉིས་འབྲེལ་མེད་དུ་འགྱུར་བ་དེ་རེད། སྣང་ཚུལ་དེ་རིགས་ལས་ཕྱི་ཚུལ་ཙམ་གྱི“སྒྲུབ་པ”དེས་དོན་དངོས་ཐོག“ལེགས་སྒྲུབ”ཀྱི་ཚབ་བྱེད་པ་མཚོན་གྱི་ཡོད། གོང་རིམ་གྱིས་ཞིབ་བཤེར་བྱེད་སྐབས། མཚན་གང་པོ་པར་ཡིག་ལྟ་ན་སྡུག་པའི་འགྲེམས་པང་བཟོ་བ། སྙན་སེང་ཞུ་དུས་རྟག་ཏུ་ཤོག་ངོས་བཅུ་ལྷག་ཙམ་ཡོད་པའི་རྩིས་ཁྲ་དང་དཔྱད་ཡིག་མང་པོ་གྲ་སྒྲིག་བྱེད་པ། ལས་འགན་རྩིས་འབུལ་ཞུ་དགོས་ན། བྱེད་བཟོ་བསྟན་པའི་འདྲ་པར་འགའ་བླངས་ནས་བཤམ་གྱི་ཡོད། ས་ཆ་ཁ་ཤས་སུ་ཐ་ན“ཐབས་ལམ་རྙིང་པ་ཙམ་ལ་བརྟེན་པའི”སྲོལ་ངན་གྲུབ་ཡོད་པ་སྟེ། ལས་ཀ་འགོ་མ་བཙུགས་པར་སྔོན་ལ་ཞིབ་བཤེར་ལ་ཁ་གཏད་ཇི་ལྟར་འཇལ་བར་བསམ་བློ་གཏོང་བ་དང་། གནད་དོན་ཐག་གཅོད་མ་བྱས་པར་སྔོན་ལ་ཕྱོགས་སྡོམ་གྱི་བཀྲག་མདངས་འཚེར་ས་ཇི་ལྟར་འབྲི་དགོས་མིན་ལ་བསམ་བློ་གཏོང་བ་སོགས། “ལས་རྗེས་མངོན་གསལ་ཡོང་བར”ཧུར་ཐག་གཞོལ་བ་ལས་ཐག་གཅོད་ཇི་ལྟར་བྱེད་དགོས་པའི་ཐད་འབད་བརྩོན་བྱེད་ཀྱི་མེད།
གནད་དོན་དེ་ཐག་གཅོད་བྱེད་པར་དཔྱད་ཞིབ་བྱེད་སྟངས་བསྒྱུར་རྒྱུ་ནི་འགག་རྩ་རེད། དཔྱད་ཞིབ་བྱེད་སྟངས་ལེགས་བཅོས་མ་བྱས་ན་རྩིས་ཁྲ་ཉུང་དུ་གཏོང་དཀའ། དགོས་ངེས་ཀྱི་ལས་རྗེས་འཇོག་རྒྱུ་མེད་དུ་མི་རུང་མོད། འོན་ཀྱང་དེ་བྱེད་ཐབས་ཙམ་ཡིན་པ་ལས་ཕན་འབྲས་ཐོན་པར་བྱ་རྒྱུ་ནི་དམིགས་ཡུལ་ཡིན། གོང་རིམ་གྱིས་རྩིས་ཁྲར་ཚད་བརྒལ་ཞིབ་བཤེར་དང་ཞིབ་བཤེར་ཡང་ཡང་བྱེད་ལུགས་ཉུང་དུ་གཏོང་བ་དང་། རྩིས་དེབ་སློག་ཚད་ཉུང་དུ་གཏོང་བ། ས་ཡུལ་དངོས་སུ་མང་ཙམ་འགྲོ་བ། དཔྱད་ཡིག་ལ་ཉུང་ཙམ་ལྟ་བ། མང་ཚོགས་ཀྱི་གདེང་འཇོག་མང་ཙམ་ཉན་པ་བཅས་བྱེད་དགོས། གཞི་རིམ་གྱིས་རྩིས་ཁྲ་བཟོ་བ་ཁོ་ནར་མ་འབད་ན། གཞི་ནས་སེམས་ཤུགས་དེ་གནད་དོན་ཐག་གཅོད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕྱོགས་ལ་འདོན་ཐུབ་པ་དང་། ལས་ཀར་གཞི་ནས་ཕན་འབྲས་ངོ་མ་ཐོན་ཐུབ།
འབྲེལ་ཡོད་གསར་འགྱུར།