2026ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་གྲོང་ཚོའི་གླུ་གཞས་འགྲན་བསྡུར་ཆེ་མོར《དགའ་སྤྲོ་འཁོལ་བའི་འོང་སྐོར》ལ་ཨང་དང་པོ་ཐོབ་པ།
ཟླ་10ཚེས་10ཉིན། 2026ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་གྲོང་ཚོའི་གླུ་གཞས་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་ཉིང་ཞ་ཡུང་ཉིང་རྫོང་མིང་ཉིང་གྲོང་རྡལ་དུ་མཇུག་འགྲིལ་བ་རེད། ཧྲན་ཏུང་དང་། ཅང་ཤིས། ཀྲེ་ཅང་། བོད་ལྗོངས་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)10ནས་ཡོང་བའི་གཞི་རིམ་གྱི་འཐུས་མིའི་རུ་ཁག་21གིས་གླུ་གཞས་འགྲན་བསྡུར་བྱས་ཤིང་། བོད་ཀྱི་འགྲན་ཞུགས་རུ་ཁག་འབའ་ཞིག་ཡིན་པའི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ལ་སྒང་གྲོང་ཚོའི་ཞིང་འབྲོག་པའི་འཐུས་མི་རུ་ཁག་གིས་འཁྲབ་སྟོན་བྱས་པའི《དགའ་སྤྲོ་འཁོལ་བའི་འོང་སྐོར》ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
《དགའ་སྤྲོ་འཁོལ་བའི་འོང་སྐོར》ནང་ལོ་ལེགས་བརྗོད་གཞི་གཙོ་བོ་དང་ཕ་ཡུལ་གྱི་འཕོ་འགྱུར་ལྟེ་བར་བྱས་ཏེ། བོད་ཀྱི་གླུ་དབྱངས་ཀྱི་འགྱུར་ཁུག་སྙན་མོ་དང་སྐད་གདངས་ཀྱི་ཐོག་ནས་ས་མཐོའི་བུ་ཕྲུག་ཚོས་མེས་རྒྱལ་གྱི་རི་ཀླུང་ལ་བཅངས་པའི་བརྩེ་སེམས་དང་། ས་མཐོའི་བུ་ཕྲུག་ཚོས་བང་མཛོད་འབྲུ་ཡིས་གང་བར་བསྟོད་གླུ་ཕུལ་བ་མ་ཟད། དུས་རབས་གསར་པའི་བོད་ཀྱི་ཞིང་འབྲོག་པ་རྒྱང་ལམ་གསར་པ་སྐྱོད་པའི་བདེ་སྐྱིད་ལྡན་པའི་མཛེས་རིས་ཤིག་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།