ཞི་ཅིན་ཕིང་གིས་མཱ་ཏི་སའེ་ཡིས་ཨེ་སོ་ནི་ཡའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུས་ལེ·མཱ་ཏི་སའེ་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཨེ་སོ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨེ་སོ་ནི་ཡའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་བྱུང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་ཡོད། ངས་ཀྲུང་གོ་དང་ཨེ་སོ་ནི་ཡའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་མཱ་ཏི་སའེ་དང་ལྷན་དུ་འབད་བརྩོན་གྱིས་ད་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བ་གོ་སྐབས་སུ་བཟུང་སྟེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།