གངས་རིན་པོ་ཆེ་དང་འབྲེལ་བའི་སྤྱི་བསྒྲགས་འདི་ཚང་མས་ཡག་པོ་གཟིགས་རོགས།
རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་རྣམ་པ།
གངས་ཆེན་པོ་བབས་པའི་རྐྱེན་གྱིས་བར་ག་གྲོང་རྡལ་གྱི་གྲོང་ཁུལ་དང་རི་སྐོར་ལམ་རྒྱུད་དུ་གནམ་གཤིས་གྲང་དུ་ཕྱིན་པ་དང་། ལམ་དུམ་མང་ཆེ་བ་དང་ལྷག་པར་དུ་སྒྲོལ་མ་ལའི་ལ་ཉག་གི་གཞོགས་གཡས་གཡོན་དུ་གངས་གསོག་ཐེབས་ནས་འཁྱགས་པ་ཆགས་ཡོད། གཞན་ཡང་། གནམ་གཤིས་སྡེ་ཚན་གྱིས་བཏང་བའི་གནམ་གཤིས་སྔོན་བརྡར་གཞིགས་ན། ཟླ་10པའི་ཟླ་དཀྱིལ་ནས་ཟླ་11པའི་ཟླ་འགོ་བར་གངས་འབྲིང་བ་ནས་ཆེ་བ་འབབ་རྒྱུ་མ་ཟད་དྲོད་ཚད་ཆེས་ཆེར་ཆག་རྒྱུ་ཡིན་པ་རེད། ཕྱོགས་བསྡུས་ཞིབ་འཇུག་བྱས་པ་བརྒྱུད། མཛེས་ལྗོངས་ཁུལ་དུ་འགྲོ་འོང་བྱེད་དཀའ་ལ་ལུས་དྲོད་ཉམས་པ་དང་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་སླ་པོ་ཡོད། དེར་བརྟེན། ཡུལ་སྐོར་བ་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། 2026ལོའི་ཟླ་10ཚེས་20ཉིན་ནས་བཟུང་གངས་རིན་པོ་ཆེའི་མཛེས་ལྗོངས་ཁུལ་དངོས་སུ་སྒོ་རྒྱག་རྒྱུ་དང་2027ལོར་སྒོ་འབྱེད་པའི་དུས་ཚོད་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན།
སྒོ་རྒྱག་རིང་། སྒོ་བརྒྱབ་པའི་ས་ཁོངས་སུ་འགྲོ་མི་ཆོག གལ་ཏེ་སོང་ན་དེའི་མཇུག་འབྲས་ཚང་མ་སོ་སོས་འགན་འཁུར་དགོས།
རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་ཚོས་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ། དེས་རྐྱེན་པས་ཁྱེད་ལ་སྟབས་མི་བདེ་བ་བྱུང་ཚེ་དགོངས་འཇགས་འཚལ།
ཆེད་དུ་སྤྱི་བསྒྲགས་འདི་སྤེལ།
སྤུ་ཧྲེང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་དང་མངའ་རིས་མཛེས་ལྗོངས་ཁུལ་གཉེར་སྐྱོང་དོ་དམ་ཀུང་སི་ནས།
2026ལོའི་ཟླ་10ཚེས་10ཉིན།
འབྲེལ་ཡོད་གསར་འགྱུར།