ས་ཆ་འདིར་གནས་སྐབས་ཁ་ལོ་བའི་ཡིག་རྒྱུགས་གཏོང་མཚམས་འཇོག་རྒྱུ་རེད།
འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མོ་ཊའི་ཡིག་རྒྱུགས་ལ་སྤྱོད་པའི་རླངས་འཁོར་ཐོ་འགོད་བྱས་ཉིན་ནས་བཟུང་། བེད་སྤྱོད་ཚད་གཞི་ལོ་8ལས་བརྒལ་མི་རུང་། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིའི་ཡིག་རྒྱུགས་གཉིས་པ་གཏོང་སའི་མོ་ཊ་ཁག་གཅིག་བེད་སྤྱོད་ལོ་8བཏང་ཟིན་པས་མུ་མཐུད་ཡིག་རྒྱུགས་གཏོང་བའི་ཚད་གཞི་ལས་ཡོལ་ཡོད། ད་ལྟ་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིའི་ཡིག་རྒྱུགས་གཉིས་པ་གཏོང་སའི་འཁོར་རིགས་ཁག་གཅིག་གི་ཡིག་རྒྱུགས་གནས་སྐབས་གཏོང་མཚམས་འཇོག་རྒྱུའི་གསལ་བསྒྲགས་གཤམ་གསལ།
གཅིག ཡིག་རྒྱུགས་གཏོང་མཚམས་འཇོག་རིགས།
གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིའི་ཡིག་རྒྱུགས་གཉིས་པ་གཏོང་སར་A2དང་། B1 B2འཁོར་རིགས་ཀྱི་ཡིག་རྒྱུགས་གནས་སྐབས་གཏོང་མཚམས་འཇོག་རྒྱུ།
གཉིས། ཡིག་རྒྱུགས་གཏོང་མཚམས་འཇོག་པའི་དུས་ཚོད།
གསལ་བསྒྲགས་འདི་སྤེལ་ཉིན་ནས་བཟུང་། ཡིག་རྒྱུགས་གཉིས་པ་གཏོང་མཁན་གྱི་འཁོར་རིགས་ཁག་གཅིག་གི་ཡིག་རྒྱུགས་གནས་སྐབས་གཏོང་མཚམས་འཇོག་རྒྱུ་ཡིན་པ་དང་སླར་གསོ་བྱེད་པའི་དུས་ཚོད་ལོགས་སུ་བརྡ་ཐོ་གཏོང་རྒྱུ།
གསུམ། འབྲེལ་ཡོད་བཀོད་སྒྲིག
རྒྱ་ཆེའི་རྒྱུགས་སྤྲོད་མཁན་ཚོས་རང་ཉིད་ཀྱི་དགོས་མཁོ་གཞིར་བཟུང་། ཡིག་རྒྱུགས་ཀྱི་ཆ་རྐྱེན་དང་མཐུན་པའི་ཡིག་རྒྱུགས་གཉིས་པ་གཏོང་ས་གཞན་དག་ལ་ཡིག་རྒྱུགས་གཏོང་བར་ཕྱིན་ན་འགྲིག
འབྲེལ་ཡོད་གསར་འགྱུར།