ལས་གནས་མཁོ་འདོན་བྱས། དམངས་ལ་ཕན་པ་བསྐྲུན།

འདི་ནི་ལས་བསྡུའི་འདུ་ཚོགས་གཉེར་ཡུལ་དུ་ཁེ་ལས་ཀྱི་གདན་ཞུའི་མི་སྣས་ལས་ཀ་འཚོལ་མཁན་ལྷུན་རྩེ་རྫོང་གི་གཞོན་ནུ་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བྱས་ནས་ལས་འཚོལ་འདོད་འདུན་ཐོ་འགོད་བྱེད་བཞིན་པ།
ཉེ་ཆར། ཁྲང་ཏེ་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཐོག་སྤུས་ལེགས་ཁེ་ལས་100ཡིས་ལས་ཞུགས་ལས་གནས་སྣ་ཚོགས་1000ལྷག་ཙམ་མཁོ་འདོན་བྱས་ཡོད། ད་ཐེངས་ཁྲང་ཏེ་གྲོང་ཁྱེར་དང་ལྷུན་རྩེ་རྫོང་གཉིས་དབར་ངལ་ནུས་མཐུན་སྦྱོར་གྱི་གྲོས་མཐུན་བཞག་པ་དང་། ལྷུན་རྩེ་རྫོང་དུ་བཅའ་སྡོད་ཁྲང་ཏེ་གྲོང་ཁྱེར་གྱི་ངལ་ནུས་མཐུན་སྦྱོར་ལས་དོན་ས་ཚིགས་ཀྱང་དུས་གཅིག་ཏུ་སྒོ་བྱང་བཀལ་ནས་བཙུགས་ཏེ་ལས་མི་བསྡུ་རྒྱུ་དེ“ཐེངས་གཅིག་རང་བཞིན”ནས“ཡུན་རིང་རང་བཞིན”དུ་གྱུར་ཡོད། སླད་ཕྱིན། ཁྲང་ཏེ་གྲོང་ཁྱེར་གྱི་སྤུས་ལེགས་ལས་གནས་ཟླ་རེར་གནད་སྨིན་ངང་ལྷུན་རྩེ་རྫོང་གི་ཤང་དང་གྲོང་རྡལ་དང་གྲོང་ཚོ་ཁག་ཏུ་ཁྱབ་གདལ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།