2026ལོའི་བོད་ཀྱི་མཆུ་ཤོ་རྐན་ཤོའི་འོས་འགན་སྨན་བཅོས་བྱ་སྤྱོད་ལྷ་སར་སྤེལ་འགོ་ཚུགས་པ།
ཟླ་10ཚེས་8ཉིན། 2026ལོའི་བོད་ཀྱི་མཆུ་ཤོ་རྐན་ཤོའི་འོས་འགན་སྨན་བཅོས་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་འཚོགས་པ་རེད། ཐེངས་འདིའི་བྱེད་སྒོ་ནི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྤེལ་འགོ་བཙུགས་ཤིང་། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱབ་སྐྱོར་འོག སྤྱི་ཕན་སྒྲིག་གཞི་མང་པོ་དང་མཉམ་དུ་སྤེལ་བ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྒྲུབ་འགན་འཁུར་བ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བདུན་པར། རིན་སྤུངས་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་སྣེ་ཁྲིད་དེ་གཞིས་རྩེ་གྲོང་ཁྱེར་དུ་མཆུ་ཤོ་རྐན་ཤོའི་འོས་འགན་སྨན་བཅོས་བྱེད་འགོ་ཚུགས་པ་རེད། ཐེངས་འདིའི་བྱེད་སྒོས་སྤྱི་ཕན་རོགས་སྐྱོར་བྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱི་རྫོང(ཆུས་དང་གྲོང་ཁྱེར)74ལ་ཁྱབ་པ་དང་། མ་མཐའི་འཚོ་བ་འགན་ལེན་དང་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་དུད་ཚང་སོགས་དཀའ་ངལ་ཡོད་པའི་དུད་ཚང་ལ་གཙོ་གནད་ཐོག་ཕྱོགས་ནས། བྱིས་པ་དང་དར་མའི་མཆུ་ཤོ་རྐན་ཤོའི་ནད་པ་ཚོར་བསྐྱར་གསོའི་གཤགས་བཅོས་དང་། དྲག་སྐྱེད་མཛུབ་ཁྲིད། སེམས་གསོ་གཏོང་བ་སོགས་ཀྱི་བརྟག་བཅོས་ཞབས་ཞུ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་ཐོག་པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་དང་། སི་ཁྲོན་སློབ་ཆེན་ཧྭ་ཤིས་ཁ་ནད་སྨན་ཁང་། མཁའ་དམག་དམག་ཁོངས་གསོ་རིག་སློབ་ཆེན་ཁ་ནད་སྨན་ཁང་སོགས་སྨན་བཅོས་སྒྲིག་གཞི་19ཡི་སྨན་དོན་མི་སྣ་24ཆེད་མངགས་བོད་དུ་ཡོང་ནས་ཆེད་དོན་བརྟག་བཅོས་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།