མཚོ་སྔོན་གོར་མོའི་ཁུ་ནུར་རྒྱང་ལྟའི་ཆན་ཧྥུའུ་330ཟིན་པའི་གློག་སྒྱུར་ས་ཚིགས་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ།

ཉེ་ཆར། མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱི་ས་བབ་སྨི་4484ཟིན་པའི་གཡུ་འབྲུ་གངས་རིའི་དབུས་ཁུལ་དུ་རྒྱལ་ཁབ་གློག་དྲ་ཧུའུ་པེའི་གློག་གཏོང་གློག་སྒྱུར་ཀུང་སིས་ཁུ་ནུར་རྒྱང་ལྟའི་ཆན་ཧྥུའུ་330ཟིན་པའི་གློག་སྒྱུར་ས་ཚིགས་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད་པ་དང་། ལས་གྲྭ་དེ་ཉིད་རྨང་གཞིའི་སྒྲིག་བཀོད་ཀྱི་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད། ལས་གྲྭ་དེ་སྤྱོད་འགོ་ཚུགས་རྗེས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྣོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།