ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོགས་འདུ་སྐབས་དྲུག་པ་འཚོགས་པ།
ཟླ་10ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས་གཙོ་གཉེར་བྱས་པའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོགས་འདུ་སྐབས་དྲུག་པ་པེ་ཅིང་དུ་འཚོགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“ཕན་ཚུན་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་རྩོམ་དགོས”ཞེས་པ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིན་དང་དེ་བཞིན་ཐང་ཀའི་དབུ་བཞུགས་བློན་ཆེན་གཞོན་པ་ལཱ་ཐུའུ་སོགས་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་མི་སྣ་གལ་ཆེན་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཞུགས་ཡོད་པ་རེད།
ལིའུ་ཧའེ་ཤིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུན་མོང་སྣེ་ཁྲིད་འོག ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་དང་འཐབ་ཇུས་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་དང་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ། “སྲིད་ཏང་+”ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་སྲིད་ཏང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།
ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་ཕྱོགས་ཀྱི་མི་སྣས། ཀྲུང་གོ་ནི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གྲོགས་པོ་ངོ་མ་དང་རོགས་ཟླ་ཡག་པོ་ཞིག་ཡིན། གླིང་ཕྲན་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་ནས་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་བྱེད་སྤྱོད་ལ་ངོ་རྒོལ་བྱས་ཏེ། ཀྲུང་གོ་ཕྱོགས་དང་ཏང་སྲིད་དབར་གྱི་འགྲོ་འོང་དང་། དངོས་སྒྲུབ་མཉམ་ལས། ས་ཁོངས་མཉམ་ལས་བཅས་ཟབ་ཏུ་བཏང་ནས། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།