ལྷོ་ཨ་ཧྥེ་རི་ཁའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་སྤེལ་རེས་དང་བགྲོ་གླེང་བྱས་པ།
“རྒྱལ་སྐྱོང་སྲིད་འཛིན་གྱི་དཔེ་ཀློག་འདུ་ཚོགས། ཀྲུང་གོའི་ལག་ལེན་དང་ཀྲུང་ཧྥེའི་མཉམ་ལས”ཞེས་པ་ཚེས་9ཉིན་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་རྒྱལ་ས་ཕི་རི་ཐོ་རི་ཡ་རུ་གཉེར་བ་རེད། ལྷོ་ཨ་ཧྥེ་རི་ཁའི་སྲིད་ཕྱོགས་ལས་རིགས་དང་། རིག་གཞུང་ལས་རིགས། ཚོང་དོན་ལས་རིགས་བཅས་ཀྱི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་དང་ཀྲུང་ཧྥེའི་འབྲེལ་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་བྱས་པ་རེད། ད་ཐེངས་ཀྱི་དཔེ་ཀློག་འདུ་ཚོགས་དེ་ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཡོ་རོབ་དང་ཨ་ཧྥེ་རི་ཁའི་ལྟེ་གནས་དང་ཝུན་ཏ་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།
ལྷོ་ཨ་ཧྥེ་རི་ཁའི་རྒྱལ་དམངས་གྲོས་ཚོགས་ལས་དོན་གྱི་ཀྲུའུ་ཞི་སའེ་ཏེ་ལི་ཁེ·ཧྥོ་ལུའོ་ལི་ཁེས། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྡེ་གཞི་ཆེ་གྲས་གཉིས་པ་དང་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་སྔོན་ཐོན་རྒྱལ་ཁབ་དང་རྒྱལ་སྤྱིའི་ལས་དོན་ལ་ཞུགས་མཁན་གལ་ཆེན་ཞིག་རེད། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པས། དེའི་ཉམས་མྱོང་དག་ལྷོ་ཨ་ཧྥེ་རི་ཁ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཞན་དག་གིས་དཔྱད་གཞིར་འཛིན་རིན་དང་སློབ་སྦྱོང་བྱེད་རིན་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།