དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཐན་ཙན་ནི་ཡའི་ཉ་ལས་གྲུ་ཁའི་རྣམ་གྲངས་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-13


    འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་རྣམ་གྲངས་གནས་ཡུལ་ཡིན་པ།

    ཀྲུང་གོ་མཚོ་ཁུག་ཚོགས་པས་སྐྲུན་འགན་ཁུར་བའི་ཐན་ཙན་ནི་ཡའི་ཅི་ལུའུ་ཝ་མ་སོ་ཁོ་ཉ་ལས་གྲུ་ཁའི་རྣམ་གྲངས་ཉེ་ཆར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱུང་ཞིང་། རྣམ་གྲངས་དེའི་ས་བཟུང་རྒྱ་ཁྱོན་སྤྱི་ཆིང་5.6ཙམ་ཟིན་པ་དང་། ལོ་རེར་ཉ་ཏུན་ཁྲི་6འདོན་འཇུག་ཐུབ་ཀྱི་ཡོད། ཐན་ཙན་ནི་ཡའི་དེང་རབས་ཅན་གྱི་གྲུ་ཁ་ཆེ་གྲས་དང་པོ་ཡིན་པའི་ཉ་ལས་གྲུ་ཁ་དེ་སྤྱོད་འགོ་ཚུགས་རྗེས་ཐན་ཙན་ནི་ཡའི་རྒྱ་མཚོའི་ཉ་ལས་འཕེལ་རྒྱས་ཀྱི་རྐང་འཛིན་ལྟེ་གནས་དང་རྒྱལ་ཁབ་རིམ་པའི་རྒྱང་རིང་རྒྱ་མཚོའི་ཉ་ལས་རྟེན་གཞིར་འགྱུར་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།