བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ།
བཟའ་བཅའི་བདེ་འཇགས་ཀྱི“ནན་ཤོས་བཞིའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྤྱི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཞིབ་འཇུག་བྱས་ནས་འཆར་ཟིན་བཀོད་པ་མ་ཟད། སྤྱི་ཚོགས་ཡོངས་ནས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་ཡང་བྱས་པ་རེད།
བཟོ་བཅོས་བརྒྱབ་པར་གཙོ་བོའི་ནང་དོན་5ཚུད་ཡོད་པ་སྟེ། བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། བཟའ་བཅའི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་ཁེ་ལས་དང་དྲ་རྒྱའི་བཟའ་བཅའི་ཉོ་ཚོང་ལས་སྟེགས་གཉེར་སྐྱོང་མཁན་གྱིས་གཏན་འབེབས་ལྟར་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་བཟའ་བཅའི་བདེ་འཇཌ་པ་བཀོད་སྒྲིག་བྱས་ནས་ལས་གནས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ་དང་གསོ་སྦྱོང་དང་དཔྱད་ཞིབ་བྱེད་ཤུཌ་ཆེ་རུ་གཏོང་དགོས། བཟའ་བཅའ་ཐོན་སྐྱེད་བྱེད་མཁན་ཁེ་ལས་ལ་བཟའ་བཅའི་ཐོན་སྐྱེད་བརྒྱུད་རིམ་གྱི་ཚོད་འཛིན་ཐོ་འགོད་ལམ་ལུཌ་འཛུཌ་དགོས། སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱིས་མིང་ངོ་མའི་ཐོག་ནས་སྐུར་ལེན་དང་། སྐུར་ལེན་ལྟ་ཞིབ། འཕྲུལ་འཁོར་སྤྱད་དེ་བདེ་འཇཌ་ཞིབ་བཤེར་བཅས་བྱེད་པའི་ལམ་ལུཌ་འཛུགས་དགོས། མངཌ་བཅོལ་ཐོན་སྐྱེད་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་མངགས་བཅོལ་བྱེད་མཁན་དང་མངགས་བཅོལ་དང་ལེན་བྱེད་མཁན་གྱི་ཐོབ་ཐང་ཆ་རྐྱེན་ཁ་གསལ་བཟོ་དགོས།
གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། “སློབ་གྲྭའི་བཟའ་བཅའི་བདེ་འཇཌ”ཀྱི་ཆེད་དོན་ནང་དོན་མང་དུ་གཏོང་བ་དང་། སློབ་སྤྱིའི(ཡོན་ཀྲང)འགན་འཁྲིའི་ལམ་ལུགས་གཏན་འཁེལ་བྱེད་པ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་གཅིག་སྡུད་ཐོག་ཟ་མ་ཟ་བ་དང་དེར་ལྟ་སྐུལ་བྱེད་པའི་ལམ་ལུགས་འཛུགས་པ་བཅས་བྱེད་དགོས། “དྲ་རྒྱའི་བཟའ་བཅའ་གཉེར་སྐྱོང”གི་ཆེད་དོན་ནང་དོན་མང་དུ་བཏང་ནས་རིམ་དབྱེའི་ཐོ་འགོད་དོ་དམ་བྱས་ཏེ། ལས་སྟེགས་དང་། ཐད་གཏོང་ཁང་གི་གཉེར་སྐྱོང་བ། ཐད་གཏོང་གཉེར་སྐྱོང་བ་སོགས་ཕྱོགས་ཁག་གི་བྱེད་པོའི་འགན་འཁྲི་ཁ་གསལ་བཟོ་དགོས། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཁེ་ལས་ཀྱིས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱིས་ནང་འདྲེན་བྱས་པའི་བཟའ་བཅའ་དང་། བཟའ་བཅའི་སྦྱོར་རྟ། བཟའ་བཅའི་འབྲེལ་ཡོད་ཐོན་རྫས་བཅས་ཀྱི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ཇི་ལྟར་འཁུར་དགོས་ལུགས་ཁ་གསལ་བཟོ་དགོས།
བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་ལེགས་སུ་གཏོང་དགོས་ཤིང་། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་རྒྱ་དེ་བཟའ་བཅའི་སྦྱོར་རྟ་དང་བཟའ་བཅའི་འབྲེལ་ཡོད་ཀྱི་ཐོན་རྫས་བར་རྒྱ་སྐྱེད་གཏོང་དགོས། ཕྲུ་གུ་དམར་འབྱར་དང་བྱིས་པའི་རྔན་པའི་རིགས་་དམིགས་བསལ་བཟའ་བཅའི་ལྟ་འདོམས་བྱེད་ཁོངས་སུ་བཅུག་ནས་ཐོ་འགོད་དོ་དམ་བྱེད་དགོས། བཟའ་བཅའི་ཤོག་བྱང་དང་ཚོང་ལས་དྲིལ་བསྒྲགས་ཚད་ལྡན་དུ་བཏང་ནས་རྫུན་བཟོ་ལོག་ཁྲིད་གཏན་འགོག་བྱེད་དགོས། བཟའ་བཅར་ཞིབ་དཔྱད་དོ་དམ་བྱེད་ནན་དུ་བཏང་ནས་མངགས་བཅོལ་ཞིབ་དཔྱད་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས།
རིག་ལྡན་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། “དྲ་སྦྲེལ+མི་ཐབས་རིག་ནུས”ཀྱི་ལྟ་འདོམས་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས། བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཀྱིས་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་གི་འགག་རྩའི་ཉེན་ཁའི་ལྷུ་ཚིགས་སུ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་བསྒར་དགོས་པ་མ་ཟད། དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་པའི་བརྙན་ལམ་ཆ་འཕྲིན་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ཆ་འཕྲིན་མ་ལག་དང་སྦྲེལ་མཐུད་བྱེད་དགོས་པ་ཁ་གསལ་བཟོ་དགོས། ལྟ་འདོམས་སྡེ་ཚན་ལ་ཟོག་འབྲེལ་དྲ་རྒྱའི་ལྟ་སྐུལ་ཚོད་འཛིན་དང་བརྙན་ལམ་སྐོར་ཞིབ་སོགས་ས་ཡུལ་དངོས་མིན་པའི་ཞིབ་བཤེར་དབང་ཚད་སྤྲོད་དགོས།
བཅའ་ཁྲིམས་ཀྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཁྲིམས་འགལ་གྱི་རིགས་མི་འདྲ་བར་གཞིགས་ནས་ཁྱད་པར་ཅན་གྱི་ཆད་གཅོད་ལམ་ལུགས་་གཏན་འབེབས་བྱེད་དགོས། “ཆད་པ་མགོ་ཐོག་ཏུ་འཁེལ་་རྒྱུ”དོན་འཁྱོལ་ནན་པོ་བྱས་ཏེ་རྐང་བཙུགས་ནས་ཁྲིམས་འགལ་བྱེད་སྤྱོད་སྤེལ་བ་དང་། ངོ་བོ་ངན་པ། ཁྲིམས་འགལ་བྱེད་སྤྱོད་ཀྱིས་མཇུག་འབྲས་ཚབས་ཆེན་བཟོས་པའི་འགན་འཁྲི་ཡོད་མཁན་བཅས་ལ་ཆད་པ་གཅོད་དགོས། འོས་འགན་དང་དེ་མཚུངས་ཀྱི་ཆད་གཅོད་དོན་ཚན་ཁ་གསབ་དང་མང་དུ་བཏང་ནས་ཁྲིམས་འགལ་གྱི་མ་གནས་མཐོ་རུ་གཏོང་དགོས། བཟའ་བཅའི་བདེ་འཇགས་ཀྱི་ཡིད་རྟོན་དོ་དམ་ལམ་ལུགས་ལག་ལེན་བསྟར་ནས། ཡིད་རྟོན་ཤོར་བར་སྡེ་ཚན་བརྒལ་ནས་ཆད་གཅོད་བསླབ་འདོམས་བྱེད་དགོས།
གོམ་སྟབས་རྗེས་མར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲཌ་ངང་བསྡུ་ལེན་བྱས་པའི་བསམ་འཆར་དང་ཚུར་ལན་བྱས་ཚུལ་གཞིར་བཟུང་བཟོ་བཅོས་འཆར་ཟིན་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་འབྲེལ། ཁྲིམས་འཛུཌ་གོ་རིམ་གྱི་བླང་བྱ་གཞིར་བཟུང་བཟོ་བཅོས་ཀྱི་འཕེལ་རིམ་མགྱོཌ་སུ་བཏང་ནས་བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། ཉེན་ཁ་དོཌ་ཟོན་དང་སེལ་བ། ལྟ་འདོམས་ཁྲིམས་སྒྱུར་ལ་ཤུཌ་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་སྲུང་བ་བཅས་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།