ཟླ་བ་དང་པོ་ནས་བརྒྱད་པའི་བར་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་17.6%འཕར་བ།
འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་34.78ཟིན་པ་དེ་དུས་མཚུངས་ལས་17.6%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་20.17ཟིན་པ་དེ་དུས་མཚུངས་ལས་14.6%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་14.61ཟིན་པ་དེ་དུས་མཚུངས་ལས་22%འཕར་ཡོད།
ཟླ་8པ་ཁོ་ནར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་4.65ཟིན་པ་དེ་དུས་མཚུངས་ལས་19.8%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.73ཟིན་པ་དེ་དུས་མཚུངས་ལས་18.6%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.92ཟིན་པ་དེ་དུས་མཚུངས་ལས་21.7%འཕར་བ་དང་། ནང་འདྲེན་གྱི་ཟླ་རེའི་དུས་མཚུངས་འཕར་ཚད་ཟླ་བ་དྲུག་བསྟུད་མར་ཕྱིར་གཏོང་ལས་བརྒལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།