དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཡུལ་ཕྱོགས་གཅིག་གི་ཐབ་ཀ་ནི་རིག་གནས་རྒྱུན་འཛིན་གྱི་གར་སྟེགས་ཤིག་ཀྱང་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​མིག་དམར།   |     སྤེལ་དུས།  2026-10-13

    ཉེ་ཆར། འདི་ག་ཚགས་པར་གྱིས་ན་གཞོན་མ་བྱན་བསྟན་འཛིན་བྱམས་པས་བོད་ཀྱི་ཞིམ་ཟས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་རྩེ་གཅིག་ཏུ་གཞོལ་བའི་གཏམ་རྒྱུད་བཀོད་པས། མི་རྣམས་ལ་རིག་གནས་རྒྱུན་འཛིན་ངོ་མ་ནི་འབོད་ཚིག་སྟོང་པ་ཞིག་མིན་པར་ནམ་ཞག་རྒྱུན་དུ་ལག་ལེན་བསྟར་བ་ཞིག་ཡིན་པའི་ཚོར་སྣང་བྱུང་ཡོད།

    《མ་བྱན་འགྲན་བསྡུར》གྱི་ཐབ་ཀའི་མདུན་དུ། བསྟན་འཛིན་བྱམས་པས་བོད་ཟས་མ་བྱན་གྱོན་ཆས་གྱོན་པ་དང་ལག་བཟོས་ཀྱི་བོད་བཟོའི་ཐབ་ཆས་བཟུང་ཞིང་། འགྲམ་དུ་བང་རིམ་བཞི་ཡོད་པའི་ཤིང་སྒམ་ཚོན་རིས་ཅན་ཞིག་ཡོད་པའི་ནང་བོད་ཀྱི་ཡུལ་ལུང་ཁག་ནས་བསྡུས་པའི་ལྕ་བ་དང་། གུར་ཏིག བོད་ཙོང་སོགས་སྨན་སྣ་བླུགས་ཡོད། ཁོང་གིས་དེ་དག་ལ“ཧི་མ་ལ་ཡའི་བྲོ་ཞིམ་སྨན་སྣ”ཞེས་བརྗོད་ཀྱི་ཡོད།

    དཔྱད་འདེམས་པ་ཉེ་སར་བཅར་སྐབས། ཧི་མ་ལ་ཡའི་རི་ཐང་དུ་ད་དུང་དྲི་ཞིམ་གྱི་འཇིག་རྟེན་ཞིག་སྦས་ཡོད་པ་ཐོག་མར་ཚོར་བ་དང་། བོད་ཀྱི་རིག་གནས་ཀྱང་དྲི་ཞིམ་དང་ཆབས་ཅིག་མི་དེ་བས་མང་བས་ཚོར་བ་དང་། མཐོང་བ། ངེས་པ་བཅས་བྱུང་ཡོད།

    བསྟན་འཛིན་བྱམས་པ་ཆུང་དུས་ནས་ཐབ་ཀའི་དྲི་ཞིམ་དང་བསྟུན་ནས་འཚར་ལོངས་བྱུང་ཞིང་། ཐབ་ཀའི་མེ་འོད་དང་། སིར་སྒྲ། དྲི་ངད་བཅས་ནི་ཁོང་གིས་འཇིག་རྟེན་དང་ཐོག་ཤེས་རྟོགས་བྱེད་པའི་ཐབས་ལམ་ཞིག་རེད། ད་ལྟའི་དུས་སུ། ཁོང་གིས་ཐབས་ལམ་དེ་དག་ལ་བརྟེན་ནས་བོད་ཀྱི་གཏམ་རྒྱུད་བརྗོད་བཞིན་ཡོད།

    བློ་རྩེ་གཅིག་ཏུ་བསྒྲིམས་ནས་ལས་ཀ་གཅིག་སྒྲུབ་པ་ནི་ཁྱད་དུ་འཕགས་པ་ཞིག་རེད། སྤྱིར་བཏང་གི་བཟའ་བཅའི་རྒྱུ་ཆར་བྲོ་བ་སྦྱིན་པ་དང་། ཕ་ཡུལ་གྱི་དྲན་ཤེས་དེ་ཚོར་ཐུབ་པ་དང་མྱོང་ཐུབ་པའི་རིག་གནས་སུ་བསྒྱུར་བ་དང་བྱ་བ་ཆུང་ཆུང་ཞིག་ལེགས་པར་སྒྲུབ་པ་བཅས་བྱས་ཚེ། འབྲེལ་འདྲིས་དང་མཉམ་སྤྱོད་ཀྱི་ཟམ་པ་ལྟ་བུར་འགྱུར་ཐུབ།

    དེ་ལས་མི་རྣམས་ལ་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་ངེས་པར་དུ་གར་སྟེགས་ཆེན་པོའི་ཐོག་ལངས་དགོས་པའི་ངེས་པ་མེད་པ་ཤེས་སུ་བཅུག ཞིམ་ཟས་ནི་བར་ཐག་མེད་པའི་སྤྱི་སྤྱོད་ཀྱི་སྐད་ཆ་ཡིན་ལ་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་ཡག་ཤོས་ཀྱང་ཡིན། ཐབ་ཀའི་མེ་འོད་ལས་ཞིམ་ཟས་རྒྱུན་འཛིན་བྱས་ཡོད་ལ་ཡུལ་ཕྱོགས་གཅིག་གི་ཐབ་ཀ་ནི་འཇིག་རྟེན་ཞིག་ཡིན་ཞིང་། མ་བྱན་ཞིག་ཀྱང་རིག་གནས་སྤེལ་བའི་ཕོ་ཉ་ཞིག་ཏུ་འགྱུར་ཐུབ།

    ང་ཚོར་འཚོ་བར་དགའ་ཞེན་དང་ལག་ལེན་ལ་གཞོལ་མཁན་དེ་བས་མང་པོ་དགོས་ལ། དུས་རབས་ལ་བཟོ་བོའི་སྙིང་སྟོབས་ལ་བརྟེན་ནས་རིག་གནས་ཀྱི་རྩ་བ་སྲུང་མཁན་དང་དངོས་གྲུབ་ལ་བརྟེན་ནས་རིག་གནས་རྒྱུན་འཛིན་བྱེད་མཁན་མཉམ་སྐྱོད་པ་དེ་བས་མང་པོ་དགོས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།