རྒྱལ་སྟོན་གུང་གསེང་རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་19.9སྐྱེལ་འདྲེན་བྱས་པ།
གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་རྒྱལ་སྟོན་གུང་གསེང་རིང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་ཐེངས་1666འབབ་འཕུར་བྱས་པ་དེ་དུས་མཚུངས་ལས་9.7%འཕར་བ་དང་། འགྲུལ་པ་མི་ཐེངས་ཁྲི་19.9སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་7.4%འཕར་ཡོད། དངོས་ཟོག་ཏུན་860.6སྐྱེལ་འདྲེན་བྱས་ཡོད། དེའི་ནང་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་དུས་གཏན་གནམ་གྲུ་ཐེངས་1244འབབ་འཕུར་བྱས་པ་དེ་དུས་མཚུངས་ལས་9.9%འཕར་བ་དང་། འགྲུལ་པ་མི་ཐེངས་ཁྲི་15.9སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་6.3%འཕར་ཡོད། དངོས་ཟོག་ཏུན་773.1སྐྱེལ་འདྲེན་བྱས་ཡོད། ཟླ་10ཚེས་7ཉིན་ཁོ་ནར་ལྗོངས་ཡོངས་ཀྱི་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་3.2ཟིན་ནས་གུང་གསེང་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་མང་ཤོས་ཀྱི་ཉིན་མོར་གྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།